མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

ཟླ4བའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས15ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཐོག་མར་ལ་ཧྥུའུ་ལོ་ཧྥུའུ་ལ་ཁོང་གིས་ཙུང་ཐུང་ཕུའུ་ཅིན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་མཛད། ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨུ་རུ་སི་བར་གྱི་འབྲེལ་བ་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་དུས་སྐབས་སུ་བསླེབས་ཡོད་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ལས་བརྒལ་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ཐད་ལ་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་བཏོན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་གིས་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་ལྔ་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པ་དང་། ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཧྲང་ཧེ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་རེ་སྒུག་བྱེད་ཀྱིན་ཡོད་ལ། ཁོ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་གལ་ཆེན་ཐད་ལ་དགོངས་འཆར་བརྗེ་རེས་བྱེད་པར་རེ་སྒུག་བྱས་པར་མ་ཟད། མཉམ་དུ་འབད་བརྩོན་བྱས་ནས། ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཧྲང་ཧེ་མཐོ་རིམ་གྲོས་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།   

ལ་ཧྥུའུ་ལོ་ཧྥུའུ་ཡིས་ཞི་ཅིན་ཕེན་ལ་ཙུང་ཐུང་ཕུའུ་ཅིན་གྱིས་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་བསྒྲགས་མཛད། ལ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཐུན་སྦྱོར། མཉམ་ལས་བཅས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཧྲང་ཧེ་མཐོ་རིམ་གྲོས་ཚོགས་ལ་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག