མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པ་ཞི་དམངས་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:03

ཟླ4བའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞི་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཨེར་ཝེ་སི་ལ་མཇལ་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ4བའི་ཚེས15ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞི་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཨེར་ཝེ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཨ་ཨེར་ཝེ་སི་ཡིས་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་སྐབས་འདིར་པ་ཞི་དམངས་གྲོས་ཁང་གི་ཏང་ཚོགས་ཀྱི་གཙོ་འཛིན་གྱིས་གྲུབ་པའི་གྲོས་མིའི་ཚོགས་པ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་བར་གཟེངས་བསྟོད་མཛད་པར་མ་ཟད། ཨ་ཨེར་ཝེ་སི་ལ་ཁོང་གིས་ཙུང་ཐུང་ལོ་སེ་ཧྥུའུ་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་བསྒྲགས་མཛད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་པ་ཞི་ཕྱོགས་གཉིས་ཀྱིས་རང་ཉིད་འཕེལ་རྒྱས་ཀྱི་འཐབ་ཇུས་དང་གསར་བསྐྲུན་བསམ་ཕྱོགས་དང་ཟུང་འབྲེལ་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་པ་ཞི་བར་གྱི་མཉམ་ལས་དེ་གསར་དུ་དར་བའི་ཚོར་རའི་རྒྱལ་ཁབ་བར་གྱི་འདྲ་མཉམ་གཉིས་ཕན་དང་མཉམ་ལས་གཉིས་རྒྱལ་གྱི་མིག་དཔེར་བསྒྱུར་དགོས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། མི་སྣ་བར་གྱི་འགྲོ་འོང་རྒྱ་བསྐྱེད་པ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་བཏང་སྟེ། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཨ་ཨེར་ཝེ་སི་ཡིས་བཤད་རྒྱུར། པ་ཞི་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་པ་ཞིའི་རིམ་པ་སོ་སོ་དང་ལས་རིགས་སོ་སོ། པ་ཞིའི་མི་དམངས་བཅས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པས། པ་ཞིའི་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཧུར་ཐག་སྒོས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག