མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཐའེ་ཝན་བཟོ་ཚོགས་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:01

ཟླ4བའི་ཚེས16ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས2014ལོའི་མཚོ་འགག་འགྲམ་གཉིས་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཐའེ་ཝན་བཟོ་ཚོགས་ལས་རིགས་ཁག་གི་འཐུས་མི་གཙོ་བོར་མཇལ་འཕྲད་གནང་།
ཟླ4བའི་ཚེས16ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས2014ལོའི་མཚོ་འགག་འགྲམ་གཉིས་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཐའེ་ཝན་བཟོ་ཚོགས་ལས་རིགས་ཁག་གི་འཐུས་མི་གཙོ་བོར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ4བའི་ཚེས16ཉིན་པེ་ཅིན་ནས2014ལོའི་མཚོ་འགག་འགྲམ་གཉིས་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཐའེ་ཝན་བཟོ་ཚོགས་ལས་རིགས་ཁག་གི་འཐུས་མི་གཙོ་བོར་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཐའེ་ཝན་བཟོ་ཚོགས་ལས་རིགས་ཀྱིས་དུས་ཡུན་རིང་བོར་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པར་གཟེངས་བསྟོད་མཛད། ཁོང་གིས་ནན་གྱིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་རེ་འདུན་ཡིན་ལ། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་འབད་འཐབ་བྱེད་པའི་ཁ་ཕྱོགས་ཀྱང་ཡིན་པས། ཐའེ་ཝན་བཟོ་ཚོགས་ལས་རིགས་ཀྱིས་ནུས་པ་བཟང་བོ་མུ་མཐུད་དུ་འདོན་སྤེལ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་རོགས་སྐྱོར་དང་སྐུལ་འདེད་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་ལས་བཟོ་བའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག