མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:03

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས17ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཕྱིའི་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གླེང་མོལ་དང་བརྗེ་རེས་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས17ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཕྱིའི་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གླེང་མོལ་དང་བརྗེ་རེས་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དབྱང་ཁྲུན་ཧོས་དང་ཀྲའོ་ཡང་། ཀོ་ཅེ། ཧོང་ཝུན་ཕེན་སོགས་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་བལྟས་ན། རྒྱལ་ཕྱིའི་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་ནི་རྒྱ་ཆེའི་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོ་བ་དང་ལྷག་པར་དུ་ཀྲུང་གོའི་ན་གཞོན་ལོ་ཆུང་ཚོགས་ཁག་ཁོངས་གཏོགས་ནས་མི་རིགས་སྐད་ཡིག་སློབ་སྦྱོང་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་སྒྲིལ་ཤུགས་ཇེ་ཆེར་གཏོང་བ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ། མཛའ་མཐུན་འབྲེལ་བ་ཇེ་བཟང་དུ་གཏོང་བ། ཕྱི་སྡོད་རང་མི་དང་ཀྲུང་གོ་བའི་མི་རིགས་ཁྱད་གཤིས་སྲུང་འཛིན་བྱེད་པ། རྒྱལ་ཁབ་ཀྱི་ཤན་ཤུགས་ཇེ་ཆེར་གཏོང་བ་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ཡོད་པར་སྙམ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཀྲང་ཆིན་ལིས་གཉིས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་དང་ཧི་ཧུ་ཧྭ། ལིས་ཧེ་ཧྥུན་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞི་ཡོན་ཕེན་གྱིས་ཕྱི་རྒྱལ་དུ་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཕྱི་འབྲེལ་པུའུ་དང་སློབ་གསོ་པུའུ། ཀྲུང་གོ་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ནས་ཨུ་ཡོན་དང་ཆེད་མཁས་པ་དང་མཉམ་དུ་གླེང་མོལ་དང་བརྗེ་རེས་བྱས།

ལོ་མང་བོའི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱི་སྡོད་རང་མི་བཅས་ཀྱི་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་ཀྲི་ཀུང་ཏང་གིས་ཐེངས་མང་པོར་རྒྱལ་ཕྱིའི་རྒྱ་ཡིག་སློབ་གསོ་སྤེལ་བའི་གནད་དོན་ཐད་ནས་ཆེད་དུ་རྟོག་ཞིབ་བྱས་ནས་རྒྱུན་མཐུད་དང་མུ་མཐུད་དུ་ཕྱི་རྒྱལ་གྱི་རྒྱ་ཡིག་སློབ་གསོའི་ལས་དོན་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག