མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་མེ་རི་ཁའི་གསར་འགྱུར་སྡེ་ཚོགས་ཀྱི་ཙུང་ཚེ་ཐང་མུའུ་སིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:04

ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་གསར་འགྱུར་སྡེ་ཚོགས་ཀྱི་ཙུང་ཚེ་ཐང་མུའུ་སིན་ལ་མཇལ་འཕྲད་གནང་།
ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོུང་ཀི་ནས་ཨ་མེ་རི་ཁའི་གསར་འགྱུར་སྡེ་ཚོགས་ཀྱི་ཙུང་ཚེ་ཐང་མུའུ་སིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས17ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་གསར་འགྱུར་སྡེ་ཚོགས་ཀྱི་ཙུང་ཚེ་ཐང་མུའུ་སིན་ལ་མཇལ་འཕྲད་གནང་བར་མ་ཟད། ཨ་མེ་རི་ཁའི་མགྲོན་པོར་ཀྲུང་གོའི་མིག་སྔའི་དཔལ་འབྱོར་གནས་བབ་མཚམས་སྦྱོར་བྱས། ཁོས་བསྟན་དོན། ན་ནིང་གི་ཚུན་ལ་རྒྱལ་ཁབ་ཕྱི་ནང་གི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས་ཀྲུང་གོ་སྲིད་གཞུང་གིས་གཏན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། གཏན་འཇགས་འཕར་སྣོན་ལ་གཅིག་གྱུར་འཆར་འགོད་དང་གྲུབ་ཚུལ་སྙོམས་སྒྲིག བཅོས་བསྒྱུར་ལ་སྐུལ་འདེད་བཏང་ཞིང་། ཆེ་ཕྱོགས་སྙོམས་སྒྲིག་བྱེད་ཐབས་གསར་གཏོད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་མངོན་འགྱུར་བྱས། ད་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་གནས་བབ་གཏན་འཇགས་ཡིན་ལ། དཔལ་འབྱོར་འཁོར་སྐྱོད་རྒྱུན་འཁྱོངས་བྱས་པ་ལུགས་དང་མཐུན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ལྟ་བུའི་དཔལ་འབྱོར་ཕུང་བོ་ཆེ་ཤོས་ཤིག་ལ་མཚོན་ན་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་ཡས་མས་ཀྱི་མཐོ་འབྲིང་གི་འཕར་སྣོན་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཧ་ཅང་ལས་སླ་མོ་ཞིག་མིན་ལ། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལྡན། ང་ཚོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལབྱས་ཏེ་སྐོར་ཐེངས་གསར་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏང་འདོད་ཡོད་ལ། རྒྱལ་སྤྱིའི་སྨྱན་བྱད་ཀྱིས་ཁྱོན་ཡོངས་ནས་ཆོས་ཉིད་དང་མཐུན་པར་ཀྲུང་གོ་དྲིལ་སྒྲོག་བྱས་ཏེ། ཀྲུང་གོ་དང་ཕྱི་ཕྱོགས་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཧུར་བརྩོན་རང་བཞིན་དང་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས་ཟེར།

ཐང་མུའུ་སིན་གྱིས་བསྟན་དོན། ཨ་མེ་རི་ཁའི་གསར་འགྱུར་སྡེ་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་དྲིལ་སྒྲོག་ལ་མཐོང་ཆེན་བྱས་ཏེ་འཛམ་གླིང་དང་ཀྲུང་གོའི་བར་གྱི་རྒྱུས་ལོན་དང་མཉམ་ལས་ཐད་ལ་ཧུར་བརྩོན་རང་བཞིན་གྱི་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག