མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ས་གནས་ལོ་རྒྱུས་ས་དོན་གྲོས་ཚོགས་ཐེངས་ལྔ་པ་ཚོགས་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ས་གནས་ལོ་རྒྱུས་ལས་དོན་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ཟླ་བཞི་པའི་ཚེས་བཅུ་དགུ་ཉིན་པེ་ཅིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་རེད། མཆན་བཀོད་མཛུབ་སྟོན་ནང་། ས་གནས་ཀྱི་ལོ་རྒྱུས་ནི་ཀྲུང་ཧའི་ཤེས་དཔལ་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་ཤེས་རབ་སྔོག་འདོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། དེའི་རྩོམ་སྒྲིག་བཟོ་བཅོས་ཀྱི་ལས་དོན་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད། ལོ་ལྔའི་ནང་རྒྱལ་ཡོངས་ས་གནས་ཁག་གི་ས་གནས་ལོ་རྒྱུས་ལས་དོན་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པའི་འོག ས་གནས་ལོ་རྒྱུས་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་དང་། བྱ་གཞག་དེ་གོང་འཕེལ་ཡག་པོ་འགྲོ་བའི་རྣམ་པ་ཞིག་ཐོན་ཡོད། ངས་བློ་མཐུན་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། རེ་བར་ལྷན་རྒྱས་ནས་མུ་མཐུད་བླ་ན་མེད་པའི་དད་སེམས་བཅངས་ཐོག དེ་བས་ཆེ་བའི་སེམས་ཤུགས་དང་། དེ་བས་བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ས་ཁུལ་ལོ་རྒྱུས་རྩོམ་འབྲི་དང་། དོ་དམ། གསར་སྤེལ་བེད་སྤྱོད་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས། ཕུལ་བྱུང་སྲོལརྒྱུན་རིག་གནས་དར་སྤེལ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་འདུག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལེའུ་ཡན་ཏུང་དང་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཁ་ཤས་བཞུགས་མོལ་གནང་བ་རེད། ཁོང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཙུང་ལི་ལི་ཁེ་ཆང་གི་གལ་ཆེའི་མཛུབ་སྟོན་དགོངས་པ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཐོག ས་གནས་ལོ་རྒྱུས་བྱ་གཞག་གོང་འཕེལ་དང་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་བཏང་ནས། འབྱོར་འབྱིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ལོ་རྒྱུས་ཀྱི་དཔྱད་གཞི་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱ་དགོས་ཞེས་གསུངས་འདུག

ལེའུ་ཡན་ཏུང་གིས་ས་ཁུལ་ལོ་རྒྱུས་ནི་རིག་གནས་ཀྱི་རྨང་གཞིའི་བྱ་གཞག་གལ་ཆེན་ཞིག་ཡིན་པས་དམ་འཛིན་ཏན་ཏིག་བྱ་དགོས་པ་དང་། ས་ཁུལ་ལོ་རྒྱུས་དེ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཁྱབ་ཁོངས་ནང་བཅུག་ཐོག མི་རྣམས་ནས་བལྟ་དགའ་ཞིང་ཉན་སྤྲོ་བའི་བྱ་ཐབས་བརྒྱུད་ས་གནས་ལོ་རྒྱུས་བེད་སྤྱོད་དང་། ས་གནས་ལོ་རྒྱུས་བརྒྱུད་སྤེལ་དང་། ལོ་རྒྱུས་ཀྱི་ཤེས་རབ་སྤྱད་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྲུབ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག