མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོར་རྒྱལ་ཁབ་ཀྱིས་བཅོས་སྒྱུར་ལྔ་ལག་བསྟར་བྱས་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-20 10:43

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོར་རྒྱལ་ཁབ་ཀྱིས་བཅོས་སྒྱུར་ལྔ་ལག་བསྟར་བྱས་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ད་ལོ་ནས་བཟུང་རྒྱལ་ཁབ་ཀྱིས“མི་ཡི་མཁར་གྲོང་ཅན”སྲོག་ཤིང་ཡིན་པར་དམིགས་ཏེ་གཙོ་བོ་མི་གྲངས་དང་ས་ཞིང་། མ་དངུལ་འགན་སྲུང་། སྡོད་ཁང་། སྐྱེ་ཁམས་དཔལ་ཡོན་བཅས་ཕྱོགས་ལྔ་ཡི་བཅོས་སྒྱུར་ལག་བསྟར་བྱས་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། མི་གྲངས་དོ་དམ་ཕྱོགས་ནས་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འཁོར་རྒྱུགས་མི་གྲངས་ཀྱི་སྡོད་གནས་འཛིན་ཡིག་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ས་ཞིང་ཕྱོགས་ནས་མཁར་གྲོང་འཛུགས་སྐྲུན་བཀོལ་སྤྱོད་ས་ཞིང་ཇེ་མང་དུ་གཏོང་བ་དེ་ཞིང་ལས་གནས་སྤོར་ཁྱིམ་ཚང་གི་གྲངས་ཀ་དང་སྦྲེལ་བ་དང་མཁར་གྲོང་གི་ཕན་ནུས་དམའ་བའི་ས་ཞིང་ཡང་བསྐྱར་གསར་སྤེལ་བྱེད་པ་དང་སྦྲེལ་བའི་ཡར་སྐུལ་དང་ཚོད་འཛིན་ནང་རྐྱེན་ལ་འཚོལ་ཞིབ་ལག་བསྟར་བྱེད་རྒྱུ་ཡིན་ལ། མཁར་གྲོང་ཅན་གྱི་མ་དངུལ་འགན་སྲུང་ཐད་ནས་ནོར་སྲིད་གཞན་བཀོལ་བྱེད་པ་དེ་ཞིང་ལས་གནས་སྤོར་མི་གྲངས་གྲོང་ཁྱེར་སྡོད་དམངས་དུ་བསྒྱུར་བའི་གྲངས་ཀ་དང་སྦྲེལ་བའི་ནང་རྐྱེན་བཙུགས་ནས། གྲོང་ཁྱེར་སྲིད་གཞུང་གི་ནོར་ཤུགས་དང་སྤྱི་བའི་ཞབས་ཕྱིའི་དབང་ཆ་འདྲ་མཉམ་ཡོང་བར་བྱེད་རྒྱུ་ཡིན་པ་དང་། སྡོད་ཁང་ཕྱོགས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་ནོར་སྲིད་དངུལ་གཏོང་བརྟན་འཇགས་ཡོང་བར་བྱས་ནས། ས་ཁང་བདག་ཁོངས་ཚོང་རའི་སྙོམས་སྒྲིག་ཚོད་འཛིན་ནང་རྐྱེན་འཛུགས་རྒྱུ་ཡིན་ལ། སྐྱེ་ཁམས་ཕྱོགས་ནས་སྐྱེ་ཁམས་དཔལ་ཡོན་དཔྱད་ཞིབ་གདེང་འཇོག་ནང་རྐྱེན་དང་ཐོན་ཁུངས་རིན་ཡོད་བཀོལ་སྤྱོད་དང་སྐྱེ་ཁམས་ཁ་གསབ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཧ་ཅང་གཟབ་ནན་ཡིན་པའི་ཁོར་ཡུག་ལྟ་རྟོག་དོ་དམ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག