མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཀ་པོན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཀ་པོན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40ལོན་པར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀ་པོན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་དང་ཀ་པོན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་གློག་འཕྲིན་ནང་གསུངས་རྒྱུར། ལོ40རིང་ལ། ཀྲུང་གོ་དང་ཀ་པོན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱས་པ་དང་མཉམ་ལས་བཟང་བོ་བྱས་པས་ཕྱོགས་གཉིས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཀ་པོན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཟང་བོ་བྱུང་ན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། བདག་གིས་ཀྲུང་གོ་དང་ཀ་པོན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཀ་པོན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ལ་གསོན་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

པང་ཀི་ཡིས་གློག་འཕྲིན་ནང་བཤད་རྒྱུར། ཀ་པོན་དང་ཀྲུང་གོའི་བར་ལ་འབྲེལ་བ་བཙུགས་ནས་ལོ་བཞི་བཅུའི་རིང་ལ། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་དེ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་། ཀྲུང་གོ་ཧུར་ཐག་སྒོས་ཀ་པོན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་དུ་ཞུགས་པ་ནི་ཀ་པོན་གྱིས་གསར་དར་ཀ་པོན་འཐབ་ཇུས་འཆར་གཞི་ལག་བསྟར་བྱེད་པའི་ཐབས་ཇུས་གལ་ཆེན་ཡིན། གོ་སྐབས་འདི་དང་བརྟེན་ནས་བདག་གིས་ཀ་པོན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱེད་པར་མ་ཟད་ང་རང་ཉིད་ཀྱི་མིང་ཐོག་ནས་ཀྲུང་གོ་དང་ཀ་པོན་གྱི་འཛུགས་སྐྲུན་ལས་གཞི་གང་མང་ཡོངས་འགྲུབ་བྱེད་པའི་ཁྲོད་དུ་ཞུགས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། བདག་གིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་ཀ་པོན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག