མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐོར་ཐེངས་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐུལ་འདེད་ཚོགས་འདུ་ཧྲིན་ཡང་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 10:50

སྐོར་ཐེངས་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐུལ་འདེད་ཚོགས་འདུ་ཚེས20ཉིན་ཧྲིན་ཡང་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་སྐུལ་འདེད་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐུལ་འདེད་ཚོགས་འདུ་ཚེས20ཉིན་ཧྲིན་ཡང་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་སྐུལ་འདེད་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་། ཁོང་གིས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་སོ་སོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས། སློབ་གསོ་ལག་ལེན་བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚོགས་ཐོག་ཏུ་ལེའོ་ཉིན་དང་པེ་ཅིན། ཐེན་ཅིན། ཧི་པེ། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་གི་ཏང་ཨུའི་འགན་ཁུར་པ་དང་དེའི་ཁོངས་སུ་གཏོགས་པའི་གྲོང་ཁྱེར་དང་རྫོང་གི་ཏང་ཨུའི་ཧྲུའུ་ཅིའི་འཐུས་མི། དེ་མིན་ཀྲུང་དབྱང་སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོས་གཅིག་གྱུར་སྒོས་བལྟས་ན། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་མགོ་བརྩམས་པ་བཟང་ནའང་ས་ཁུལ་ཁ་ཤས་སུ་མཐོང་ཆེན་བྱས་པ་མི་འདང་བ་དང་ཕྱི་ཚུལ་གྱི་རྣམ་པ་ཙམ་སྤེལ་བའི་གནད་དོན་གནས་ཡོད་པས། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་བྱ་བའི་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པར་སྙམ།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སློབ་སྦྱོང་སློབ་གསོ་དེ་གོ་གནས་གལ་ཆེན་ཏུ་བཞག་སྟེ་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པར་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། ཀྲུང་དབྱང་གིས་གཏན་ལ་ཕབ་པའི་དཔེ་ཆ་ལ་སློབ་སྦྱོང་བཟང་བོ་བྱས་ནས། སྔོན་ཐོན་དཔེ་ལེགས་ཅན་མིག་དཔེར་འཛིན་པ་དང་བསམ་བློ་སྟེང་ནས་ངོས་འཛིན་གསལ་བོ་བྱེད་དགོས་པར་མ་ཟད་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་དགོས། སྲོལ་ངན་བཞི་ཡི་གནད་དོན་དེ་ཕྱོགས་སོ་སོ་དང་རིམ་པ་སོ་སོ་རུ་གནས་ཡོད་པ་དང་། གནད་འགག་ནི་རང་རྟོགས་སྒོས་ཁས་ལེན་དང་དོན་དངོས་དང་འབྲེལ་ནས་རྩད་གཅོད་པ་དང་། རྩད་ཆོད་པའི་གནད་དོན་དེ་དུས་ལྟར་ཐག་བཅད་ན་ཧ་ཅང་བཟང་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་ཏང་ཨུ་ཡིས་སྤྱིའི་འཁུར་ཁུར་པ་དང་མགོ་ཁྲིད་པ་གཙོ་བོས་དངོས་སུ་བྱ་བ་སྒྲུབ་དགོས། གྲོང་ཁྱེར་དང་རྫོང་གི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་སློབ་གསོ་ཐོབ་པ་དང་བྱ་འགུལ་དམ་འཛིན་བྱེད་པ་གཉིས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། སྣེ་ཁྲིད་ནས་བྱ་འགུལ་ལ་ཞུགས་པ་དང་དཔེ་སྟོན་གྱི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་པར་མ་ཟད། སྣེ་ཁྲིད་མཁན་དང་རྩ་འཛུགས་མཁན་གྱི་འཁན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག