མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་ཚན་ཆུང་མངགས་ཏེ་ས་ཁུལ་ཁ་ཤས་ཀྱི་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-22 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་སྔར་ལས་རོགས་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ས་གནས་སོ་སོའི་སྲིད་ཇུས་ལག་བསྟར་དང་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བའི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་ཚན་ཆུང་བདུན་མངགས་ཏེ། ཉེ་ལམ་ཞིང་ལྗོངས་དང་གྲོང་ཁྱེར་བཅུ་བཞིའི་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱེད་རྒྱུ་ཐག་བཅད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚན་ཆུང་གིས་ད་རུང་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་ཁ་ཤས་སུ་སོང་སྟེ། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་ཁ་ཤས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་རྒྱུ་རེད།

ཐེངས་འདིར་ལྟ་ཞིབ་བྱེད་པའི་ས་ཁུལ་ནི་ཐེན་ཅིན་དང་ཧྲན་ཞི། ལེའོ་ཉིན། ཅི་ལིན། ཀྲེ་ཅང་། ཧྥུའུ་ཅན། ཧྲན་ཏུང་། ཧི་ནན། ཧུའུ་པེ། ཀོང་ཏུང་། ཀོང་ཞི། ཁྲུང་ཆིན། ཟི་ཁྲོན། ཧྲན་ཞི་སོགས་ཞིང་ལྗོངས་དང་གྲོང་ཁྱེར་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག