མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་རིན་པུས་ཧྲི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

བློ་མཐུན་རིན་པུས་ཧྲི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།
བློ་མཐུན་རིན་པུས་ཧྲི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་རིན་པུས་ཧྲི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་། བཞུགས་མོལ་ཚོགས་འདུའི་སྔོན་ལ་ལིག་ཡུན་ཧྲན་གྱིས་བློ་མཐུན་རིན་པུས་ཧྲི་ཡི་ཁྱིམ་མི་ལ་མཇལ་འཕྲད་གནང་།

བློ་མཐུན་རིན་པུས་ཧྲི་ནི་རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ་དང་། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་དང་ཆབ་སྲིད་པ། རྩ་འཛུགས་པ་བཅས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ་དང་བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རབས་དང་པོའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་ཁོངས་མི་གཙོ་བོ་ཞིག་ཡིན།

ལིག་ཡུན་ཧྲན་གྱིས་གསུངས་བཤད་གནང་སྐབས་བློ་མཐུན་རིན་པུས་ཧྲི་ཡིས་མི་ཚེ་གང་བོར་བཞག་པའི་བྱས་རྗེས་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས། ཁོང་གིས་གསུངས་རྒྱུར། དེང་སྐབས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ལོ་བརྒྱ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། བློ་མཐུན་རིན་པུས་ཧྲི་དང་རྒན་རབས་གསར་བརྗེ་བའི་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་དང་དེ་དར་སྤེལ་བྱས་ཏེ། གནས་བབ་གསར་བ་དང་ལས་འགན་གསར་བར་ཟུང་འབྲེལ་བྱེད་པ་དང་ཏང་ཡོངས་ཀྱིས་སྤེལ་བཞིན་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་དར་སྤེལ་ཆེན་པོ་བྱེད་པ་དང་། ཏང་གི་ལོ་རྒྱུས་འགན་འཁྲི་དང་དུས་རབས་ཀྱི་འགན་ཁུར་ཕྲག་ཏུ་བླངས་ནས་མུ་མཐུད་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག