མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 11:02

111.jpg

  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་བཤེས་དང་མཉམ་ལས་གྲུབ་འབྲས་ལ་གཟེངས་བསྟོད་མཛད། མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡར་སྐུལ་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྣམ་པ་གསར་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་ཡར་སྐུལ་བྱེད་པའི་ཆོད་སེམས་བཅངས།

  ཞི་ཅིན་ཕེན་གྱིས་བསྟན་དོན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པ་དང་། སྔར་སྲོལ་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་ཁོང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་ཟེར།

  ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁོང་གོ་ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་གྲོས་ཁང་། སྲིད་ཏང་བར་འགྲོ་འོང་བྱེད་པ་ཇེ་དམ་དུ་བཏང་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་དགོས་པ་དང་། ཆུ་ཚད་མཐོ་བའི་ཆབ་སྲིད་བར་ཕན་ཚུན་ཡིད་ཆེས་བྱེད་པ་སྲུང་འཛིན་བྱེད་པ། མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐག་གཅོད་པར་འབྲེལ་འདྲིས་དང་གཞོགས་འདེགས་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྔར་ལས་དྲང་བདེན་དང་འོས་མཐུན་གྱི་ཕྱོགས་སུ་བསྐྱོད་པར་ཡར་སྐུལ་བྱེད་དགོས། མུ་མཐུད་དུ་རྡོ་སྣུམ་དང་། ཡིད་རྟོན། བཟོ་སྐྲུན་སོགས་མཉམ་ལས་ལས་གཞི་བཟང་བོར་སྤེལ་ནས། མཉམ་ལས་ཀྱི་རྣམ་པ་གསར་བར་ཞིབ་འཇུག་གྲོས་བསྡུར་བྱེད་དགོས་པ་དང་། མ་དངུལ་མཉམ་གཏོང་གི་དངུལ་ཁང་དང་མཉམ་དུ། ཁོང་གོ་ཕྱོགས་ཀྱི་ལྕགས་ལམ་དང་། གྲུ་ཁ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བ་སོགས་ཀྱི་འཛུགས་སྐྲུན་བཟོ་སྐྲུན་ལ་ཡར་སྐུལ་བྱེད་དགོས་ཟེར།

  ས་སུའུ་ཡིས་བསྟན་དོན། ཁོང་གོ་དང་ཀྲུང་གོ་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་རྨང་གཞི་ཇེ་བརྟན་ཡིན་པ་དང་། མཉམ་ལས་ལ་གྲུབ་འབྲས་བླངས། ཀྲུང་གོས་དུས་ཡུན་རིང་བོའི་ཚུན་ལ་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ནས། ཁོང་གོ་རྒྱལ་ཁབ་ཀྱི་རྣམ་པ་བསྒྱུར་བར་ཁོང་གོ་ཕྱོགས་ཀྱིས་བཀའ་དྲིན་ཞུས་པ་ཡིན་ཟེར།

  ས་སུའུ་ཡིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་དེས་ཨ་ཧྥེ་རི་ཁ་རྒྱལ་ཁབ་ལ་མིག་དཔེར་བསྟན། ཀྲུང་གོའི་གྲོགས་པོའི་རྒྱབ་སྐྱོར་དང་རོགས་རམ་འོག ཨ་ཧྥེ་རི་ཁ་གླིང་གིས་སྔ་མོ་ནས་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་བྱ་བ་མངོན་འགྱུར་བྱེད་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག