མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས།《སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ཁྲོད“སྤྱོད་ཚུལ་བཞི”ཡི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-15 10:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས《སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ཁྲོད“སྤྱོད་ཚུལ་བཞི”ཡི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས“སྤྱོད་ཚུལ་བཞི”ཡི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་ལྷོད་མེད་བྱས་ཏེ་མུ་མཐུད་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོར་མི་དམངས་མང་ཚོགས་བློ་ཡིད་ཚིམས་པོ་ཡོང་བ་བྱེད་པའི་ཕན་འབྲས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    《བརྡ་ཐོའི》ནང་ཆེད་དོན་བཅོས་སྒྲིག་གི་ལས་འགན་ཁག་བདུན་དོན་འཁྱོལ་རྩ་ཚུགས་ཐུབ་རྒྱུར་མུ་མཐུད་སྐུལ་མ་གཏོང་དགོས། ནང་དོན་མི་འགྱུར་བ་དང་སྤེལ་ཤུགས་མ་ཆག་པ་མཐའ་འཁྱོངས་དང་། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་བཅོས་སྒྲིག་དང་ཞིབ་བཤེར་དཔྱད་བསྡུར་གང་བྱུང་དུ་བྱེད་པ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་སྒོ་འཛུལ་དཀའ་བ་དང་། རྣམ་འགྱུར་ངན་པ། བྱ་བ་སྒྲུབ་དཀའ་བ་བཅས་ཀྱི་གནད་དོན་བཅོས་སྒྲིག་དང་། གཞུང་དངུལ་སྤྱད་དེ་ལག་རྟགས་སྤྲོད་པ་དང་། གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ། རྒྱས་སྤྲོས་ཆུད་ཟོས་བཅས་བཅོས་སྒྲིག ཚད་གཞི་ལས་བརྒལ་ནས་གཞུང་འཁོར་བཀོད་སྒྲིག་དང་། གཞུང་ལས་ཁང་མང་པོ་བཟུང་བ། ཐོག་བརྩེགས་ཁང་ཆེན་དང་ཟ་ཁང་སོགས་གསར་སྐྲུན་དང་གང་བྱུང་དུ་སྐྲུན་པ་བཅས་བཅོས་སྒྲིག “གཞུང་གྲོན་གསུམ”གྱི་འགྲོ་སོང་གཏོང་མང་དྲགས་པ་བཅོས་སྒྲིག “གཟུགས་བརྙན་གྱི་འདུ་འགོད”དང“སྲིད་སྐྱོང་བྱས་རྗེས་འདུ་འགོད”བཅོས་སྒྲིག མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་བཅོས་སྒྲིག “འདུ་གནས་ཁྲོད་ཀྱི་སྲོལ་ངན”བཅོས་སྒྲིག་གཏིང་ཟབ་བཅས་བྱེད་དགོས། བཅོས་སྒྲིག་བྱེད་འགོ་བཙུགས་པའི་ཚན་པས་འབད་བརྩོན་ལྷོད་མེད་དང་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ“སྤྱོད་ཚུལ་བཞི”ཡི་གནད་དོན“སྒྲིབ་འགེབས”དང“ངོ་བོ་བསྒྱུར་བ”དང“བསྐྱར་ལོག”གི་རྣམ་པར་དམིགས་ནས་དངོས་སུ་བཅོས་སྒྲིག་དང་བཅོས་སྒྲིག་མཐར་ཕྱིན་པ་བྱེད་པ་དང་བཅོས་སྒྲིག་བྱེད་འགོ་ཚུགས་མེད་པའི་ཚན་པས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ལས་འགན་ཞིབ་ཚགས་སུ་གཏོང་བ་དང་གཙོ་གནད་མངོན་གསལ་དོད་པོས་ཁག་རེ་རེ་བྱས་ཏེ་བཅོས་སྒྲིག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་ཁག་ཆད་ལྷག་མེད་པར་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་མང་ཚོགས་ཚོའི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ཆེད་དོན་བཅོས་སྒྲིག་གི“རང་འདེམས་བྱེ་སྤྱོད”བཅོས་སྒྲིག་བྱས་ཐོག་གནད་དོན་གང་ཞིག་ཡོད་རུང་དེ་བཅོས་སྒྲིག་བྱེད་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་པ་ཡོད་ཚེ་དེ་གཙོ་གནད་ཐོག་བཅོས་སྒྲིག་བྱས་ནས་དོན་དངོས་ཀྱི་གནད་དོན་དང་ལོ་རྒྱུས་ཀྱི་འཕྲོ་ལུས་གནད་དོན་མཉམ་དུ་ཐག་གཅོད་བྱེད་པ་དང་། ཐུན་མོང་རང་བཞིན་གྱི་གནད་དོན་དང་བྱ་བྲག་གི་གནད་དོན་མཉམ་དུ་ཐག་གཅོད་བྱེད་པ། གཙོ་གནད་ཚན་པ་དང་གཙོ་གནད་མི་ཚོགས་ཀྱི་གནད་དོན་དང་ཁྱོན་ཡོངས་ཀྱི་གནད་དོན་མཉམ་དུ་ཐག་གཅོད་བྱེད་པ། ཚན་ཁག་གི་གནད་དོན་དང་ཚན་ཁག་གི་ཁོངས་མི་སྒེར་གྱི་གནད་དོན་མཉམ་དུ་ཐག་གཅོད་བྱེད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    《བརྡ་ཐོའི》ནང་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ“སྤྱོད་ཚུལ་བཞི”ལ་ངོ་རྒོལ་དང་ཆེད་དོན་བཅོས་སྒྲིག་གི་གལ་ཆེའི་ནང་དོན་ལ་བརྩིས་ནས་བྱ་ཐབས་ནན་པོ་དང་ཏན་ཏིག་སྤྱད་དེ་དམིགས་ཡུལ་མ་སྒྲུབ་བར་མཚམས་འཇོག་གཏན་ནས་བྱེད་མི་རུང་། མང་ཚོགས་ཀྱི་སྒྲུབ་དཀའ་བའི་གནད་དོན་བཅོས་སྒྲིག་ནན་པོ་བྱས་ཏེ་སྒྱིད་ལུག་ནར་འགྱངས་དང་། རང་འགན་གཞན་དཀྲི། བཟའ་འཁྱེར་བཀག་ལེན། ལས་ཀ་མི་བྱེད་པ་དང་། བྱེད་འགོར་བ། གང་བྱུང་དུ་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། མང་ཚོགས་ལ་འཛིན་པའི་རྣམ་འགྱུར་ཞན་པ་དང་ཁ་ཤུགས་ཆེ་བ་དང་མང་ཚོགས་ཆེད་སྒྲུབ་དགོས་པའི་བྱ་བ་ཀ་རེ་ཀོ་རེ་དང་། ནར་འགྱངས་མི་བྱེད་པ། ཕན་ཚུན་འགན་དཀྲི་བ་བཅས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་ལས་ཀའི་སྒྲིག་ཁྲིམས་ལ་ལྷོད་གཡེང་གཏོང་བ་དང་སྔ་ལོག་ཕྱི་འབྱོར་དང་རང་དགར་ལས་གནས་ནས་ཁ་བྲལ་བ་དང་ཐ་ན་ལས་ཀའི་དུས་ཚོད་དུ་རོལ་རྩེད་རྩེ་བར་བསྐྱོད་དེ་མང་ཚོགས་ལས་དོན་སྒྲུབ་པར་ཡོང་སྐབས་མི་མི་རྙེད་པའི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ལས་དོན་སྒྲུབ་པའི་གོ་རིམ་རྙོག་འཛིང་ཆེ་བ་དང་ཞིབ་མཆན་འགོད་པའི་འགྲོ་ལུགས་རྙོག་འཛིང་ཆེ་བ་དང་། སྲིད་ཇུས་ཀྱི་གཏན་འབེབས་ཁ་གསལ་མེད་པ། དྲིལ་བསྒྲགས་དང་གསལ་བཤད་ཡག་པོ་མ་བྱུང་བ། ལན་སྤྲོད་དགོས་པའི་གནད་དོན་ཕྱེད་ཀ་ཤོད་པ་ལས་ཕྱེད་ཀ་མ་བཤད་པར་མང་ཚོགས་འགྲོ་འོང་མང་པོ་བྱེད་དགོས་པ་བཅས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། སྦུག་མཐུན་གཡོ་བསྒྱུར་དང་དབང་བརྟེན་ཁེ་གཉེར་གྱིས་བར་ཁེ་ཟ་བ་དང་རྔན་དངུལ་བླངས་ནས་ཐོབ་ཆ་མ་སྤྲད་ཚེ་ལས་དོན་མ་སྒྲུབ་པ་དང་ཐོབ་ཆ་སྤྲད་ཚེ་ལས་དོན་གང་བྱུང་དུ་སྒྲུབ་པའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། གཅིག་སྡུད་ཐོག་ཁྲིམས་འཛིན་གྱི་གཞུང་དྲང་མེད་པ་དང་། བདམས་ཁའི་རང་བཞིན་གྱི་ཁྲིམས་འཛིན་དང་རང་དགའི་རང་བཞིན་གྱི་ཁྲིམས་འཛིན། “འབྲེལ་བ་ཡོད་པའི་གྱོད་གཞི”དང“ངོ་སོའི་གྱོད་གཞི”“དངུལ་སྨར་གྱི་གྱོད་གཞི”སྒྲུབ་པ་སོགས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་དགོས། འགྲོ་གྲོན་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། བགོ་འགྲེམས་གང་བྱུང་དུ་བྱེད་པ་བཅས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ་བྱས་ནས་མིང་འདྲ་མིན་སྣ་ཚོགས་འདོགས་པ་དང་། ཚད་གཞི་ལས་བརྒལ་བ། ཁྱབ་ཁོངས་ལས་བརྒལ་བ། དུས་བཀག་ལས་བརྒལ་བ་བཅས་ཀྱིས་གྲོན་དངུལ་བསྡུ་བ་དང་དངུལ་ཆད་གཏོང་བ། གཏན་འབེབས་ལས་འགལ་ཏེ་བཙན་ཤེད་ཀྱིས་མ་དངུལ་བསྡུ་རུབ་བྱས་ནས་ཞབས་འདེགས་ཞུ་ཡུལ་ལ་ཞལ་འདེབས་རྒྱག་པ། འགྲོ་གྲོན་བགོ་འགྲེམས་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། ཁྲིམས་སྐྱོང་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཆད་གཅོད་ཀྱིས་དོ་དམ་གྱི་ཚབ་བྱེད་པ་དང་། རང་མོས་ཀྱི་གཅོད་འདེམས་དབང་ཆ་གང་བྱུང་དུ་སྤྱད་དེ་རང་དགར་དངུལ་ཆད་གཅོད་པ། འཛིན་ཤོག་མི་སྤྲོད་པའམ་སྤྲོད་ཉུང་བ། ལས་གནས་སྤྱད་དེ་སྟབས་བདེའི་བྱ་སྤྱོད་སྤེལ་བ་དང་བཀྱིག་སྡོམ་ཞབས་ཞུ་བྱེད་པ་བཅས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། འཆར་ལྡན་བུ་བཙའ་སོགས་སྤྱི་པའི་ཞབས་ཞུའི་ལས་རིགས་ཀྱི་སྒྲིག་འགལ་གྲོན་བསྡུ་འམ་ཡང་ན་ངོ་བོ་བསྒྱུར་བའི་གྲོན་བསྡུ་གཅིག་སྡུད་ཐོག་བཅོས་སྐྱོང་བྱེད་པ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རིགས་ཁག་གི་ཞབས་ཞུའི་རང་བཞིན་གྱི་སྒྲིག་གཞི་དམིགས་འཛུགས་བྱས་ཏེ་སྒེར་འདེམས་ངང་གཉེར་སྐྱོང་བྱས་ནས་བློ་འདྲིའི་འགྲོ་གྲོན་དང་། དཔང་རྟགས་ཁས་ལེན་འགྲོ་གྲོན། ཞིབ་དཔྱད་འགྲོ་གྲོན། ཆོད་སྡོམ་འགྲོ་གྲོན། དཔྱད་དཔོག་འགྲོ་གྲོན། ཚབ་སྒྲུབ་འགྲོ་གྲོན་སོགས་མཐོ་པོ་བསྡུ་བ་དང་། དབང་རྟེན་གཉེར་སྐྱོང་དང་ཁེ་ཕན་སྤྲོད་རེས་བྱེད་པ་སོགས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    《བརྡ་ཐོའི》ནང“གནད་ལ་འཁེལ་བ་དང་། ནན་པོ། རྣོ་ངར”བཅས་ཀྱི་ངར་ཤུགས་ཀྱི་ཐོག་ནས་ཆེད་དོན་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་གཅུས་གཟེར་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དངོས་བརྩོན་ཞིབ་ཕྲའི་བྱེད་ཐབས་ནུས་ལྡན་སྤྱད་དེ་བདེན་དོན་མཐའ་སྐྱེལ་དང་གཅིག་སྡུད་འགག་སྒྲོལ་གྱིས་ཆེད་དོན་བཅོས་སྒྲིག་ལས་དོན་དམ་འཛིན་མཐར་ཕྱིན་དང་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས། རྣམ་གྲངས་ཅན་ལ་སྐུལ་འདེད་བཏང་སྟེ་ཆེད་དོན་བཅོས་སྒྲིག་གི་ལས་འགན་ཁག་ལ་ཞིབ་བསྡུར་བྱེད་པ་དང་ལྷག་པར་དུ་མང་ཚོགས་ཀྱི་འགྲམ་དུ་ཐོན་པའི་ཚུལ་མིན་གནད་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་བཅོས་སྒྲིག་རྣམ་གྲངས་གཏན་འཁེལ་བྱས་ཐོག་ཞིབ་ཕྲའི་ཇུས་གཞི་བཟོ་དགོས། རྣམ་གྲངས་ཚང་མར་དམིགས་ཚད་བླང་བྱ་དང་། སྣེ་ཁྲིད་ཚན་པ། འགན་འཁྲི་གཙོ་བོ། མྱུར་ཚད་བཀོད་སྒྲིག་བཅས་གསལ་པོ་བྱས་ཏེ་བྱེད་ཐབས་ལ་སྐུལ་འདེད་ཞིབ་ཚགས་བཏང་ནས་རྣམ་གྲངས་གཅིག་གཏན་འཁེལ་བྱས་ཚེ་བཅོས་སྒྲིག་གཅིག་བྱེད་པ་དང་རྣམ་གྲངས་གཅིག་བཅོས་སྒྲིག་བྱས་ཚེ་གཅིག་གྲུབ་པ་བྱེད་དགོས། བཅོས་སྒྲིག་རྣམ་གྲངས་ཀྱི་འགན་འཁྲིའི་ལམ་ལུགས་བཟོས་ཏེ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་སུ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་དང་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འགན་འཁྲི་ཟུང་དུ་འབྲེལ་ཏེ་མི་དང་བྱ་བ་དང་བསྟུན་པ་དང་ཞིབ་ཕྲའི་སྡེ་ཚན་དང་ཚན་པ་དང་བསྟུན་ཏེ་བཅོས་སྒྲིག་རྣམ་གྲངས་དོན་འཁྱོལ་ཐུབ་པ་བྱས་ཐོག“དོན་མེད་སྟོང་བཤད”མི་ཡོང་བ་བྱེད་དགོས། རང་བཤེར་རང་འདོམས་ནན་ཏན་བྱས་ཏེ་ཚན་པ་དང་། འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པ་བཅས་ཚང་མས་གཏན་འཁེལ་བྱས་པའི་བཅོས་སྒྲིག་རྣམ་གྲངས་ལ་རང་བཤེར་བྱས་ནས་གནད་དོན་གྱི་ཞིབ་ཕྲའི་མཚོན་ཚུལ་དང་ཚབས་ཆེ་ཚད་ཞིབ་བཤེར་གསལ་པོ་དང་གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་དབྱེ་ནས་བཅོས་སྒྲིག་གི་ཞིབ་ཐོ་འབྲི་བ་དང་བཅོས་སྒྲིག་གི་རྩིས་ཐོ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད།

    《བརྡ་ཐོའི》ནང་ཆེད་དོན་བཅོས་སྒྲིག་གི་འགོ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་དང་དམ་འཛིན་ལྷོད་མེད་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་ཏང་ཨུད་ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་གཅིག་སྡོམ་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་རྫོང་དང་ལས་རིགས་སྡེ་ཚན་གྱི་ཆེད་དོན་བཅོས་སྒྲིག་གི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་དང་གནོན་ཤུགས་སྤྲད་ཐོག་ཞིབ་བཤེར་ལ་ལྕག་སྐུལ་དང་དོན་འཁྱོལ་དམ་འཛིན་བྱེད་དགོས། གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱིས་དུས་བཀག་ལྟར་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཏེ་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱས་ནས་བླང་བྱ་ཁག་དངོས་སུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ་ལས“ལས་ཕྱེད་ལུས་པ”གཏན་ནས་བྱེད་མི་རུང་། འབྲེལ་ཡོད་ལས་རིགས་ཁོངས་གཏོགས་ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་ཁྲོད་འགན་འཁྲི་གལ་ཆེན་འཁུར་དགོས་པ་དང་ཏང་ཙུའུ(ཏང་ཨུད)ཡིས་ཆེད་མངགས་ལས་དོན་ཚན་ཁག་བཙུགས་ནས་ལས་རིགས་ཀྱི་ཚུལ་མིན་སྤྱོད་ཚུལ་གྱི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་གཙོ་བོས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་དམ་འཛིན་བྱས་ཏེ་རང་ཉིད་ངོ་མས་ཇུས་གཞི་གཏན་འཁེལ་བྱེད་པ་དང་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་བཏང་ཐོག་འགན་འཁྲི་ཨང་དང་པོ་བའི་འགན་འཁྲི་ནན་པོ་འཁུར་དགོས་པའི་ནན་བཤད་བྱས་ཡོད། (བསོད་བདེ་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག