མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་། “སྤྱོད་སྐྱོང”དང“ཁྲིམས་སྐྱོང”ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ཐུན་མོང་ཐོག་འགན་ལེན་བྱེད་དགོས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-15 10:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཡུང་གིས་བཟའ་བཅའི་ཐོན་ལས་ནི“དགེ་སེམས་ཐོན་ལས”དང“ཀུན་སྤྱོད་ཐོན་ལས”ཤིག་རེད། གནོད་མེད་བཟའ་བཅའ་ནི“ཐོན་སྐྱེད”བྱས་ནས་བྱུང་བ་ཞིག་རེད་ལ“དོ་དམ”བྱས་ནས་བྱུང་བ་ཞིག་ཀྱང་རེད། བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་བསམ་ན་ངེས་པར་དུ“སྤྱོད་སྐྱོང”དང“ཁྲིམས་སྐྱོང”ཞེས་པའི་མཚོན་ཆ་གཉིས་ལ་བརྟེན་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།

    ཀྲང་ཡུང་གིས་ཚེས་10ཉིན་འཚོགས་པའི་2014ལོའི་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་གནས་ཚུལ་སྤྱིར་ན་ལེགས་སུ་ཕྱིན་ཡོད། འོན་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ཐོན་མང་བ་དང་འགལ་བ་འབུར་དུ་ཐོན་པའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་སྔར་བཞིན་མངོན་གསལ་དོད་ཅིང་། ཁྱབ་ཁོངས་ཁག་གཅིག་ཏུ་རྫུས་མ་དང་། སྤུས་ཞན། ཁྲིམས་འགལ་ཉེས་གསོག་སོགས་ཀྱི་གནད་དོན་སྔར་བཞིན་ཛ་དྲག་པོ་ཡོད་པས་རྩ་ལག་མཉམ་བཅོས་དང་ཕྱི་ནང་མཉམ་བཅོས་བྱེད་དགོས་པ་དང་། ཀུན་སྤྱོད་དང་། བཅའ་ཁྲིམས། དཔལ་འབྱོར་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས་པ། སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་སོགས་ལ་བརྟེན་ནས་ཐུན་མོང་ཐོག་བཅོས་སྐྱོང་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།

    ཀྲང་ཡུང་གིས་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་བྱེད་རིང་ཚུལ་ལྡན་ནི་ཚད་རྒྱུགས་ལྟ་བུ་དང་ཁྲིམས་སྲུང་ནི་མ་མཐའི་མཚམས་ཐིག་ལྟ་བུ་རེད། དེས་ན་ལྟ་སྐུལ་དོ་དམ་གྱི་ལམ་ལུགས་ནན་པོ་ཞིག་གཏན་ལ་འབེབས་པ་དང་ཆབས་ཅིག་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་ནས་འགོ་བརྩམས་ཏེ་མི་རྣམས་ཁྲིམས་ལས་འགལ་མི་ཕོད་པར་འགྱུར་བ་བྱེད་དགོས་པ་དང་ཀུན་སྤྱོད་བཟང་ལ་སྒྲིག་ལམ་ལེགས་པའི་གོམས་སྲོལ་ཞིག་ཆགས་པར་བྱས་ནས་མི་རྣམས་ཁྲིམས་ལས་འགལ་མི་འདོད་པར་འགྱུར་བ་བྱེད་དགོས། བཟའ་བཅའ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་དོ་དམ་ལམ་ལུགས་ནན་ཤོས་འཐུས་སྒོ་ཚང་དུ་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་པར་བྱ་སྤྱོད་ཚད་གཞི་མཁོ་འདོན་བྱེད་དགོས་པ་དང་ལྟ་སྐུལ་དོ་དམ་པར་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། ཁ་དན་ཚིག་གནས་ཟིན་ཐོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག་ཁ་དན་ཚིག་གནས་དང་གདེང་འཇོག་ཚད་གཞི་ཞིབ་ཏུ་བཏང་ནས་འགན་ལེན་དང་ཆ་འཕྲིན་ཡོངས་བསྒྲགས་དང་ཁ་དན་ཚིག་གནས་ཀྱི་ལྕག་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འདེགས་སྐྱོར་བྱས་ཏེ་བཟའ་བཅའི་ལས་རིགས་ཀྱི་ཁ་དན་ཚིག་གནས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཁ་དན་ཚིག་ཏུ་གནས་པའི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་དང་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་མཉམ་འབྲེལ་ཆད་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚུལ་ལྡན་པ་དང་ཁྲིམས་སྲུང་པར་གཟེངས་བསྟོད་ངོ་མ་ཐོབ་པར་བྱེད་དགོས་ཤིང་། ཁོང་ཚོར་སྙན་གྲགས་བྱུང་ལ་ཁེ་ཕན་ཡང་ཐོབ་པར་བྱེད་དགོས། སྤྱོད་ངན་པ་དང་ཁྲིམས་འགལ་པར་ཆད་པ་ཕོག་པར་བྱེད་དགོས་ཤིང་། ཁོང་ཚོ་ཀུན་གྱི་ཡིད་ཆེས་ཤོར་ནས་གོམ་པ་གང་ཡང་སྤོ་དཀའ་བར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག