མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཁོང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:46

中刚建交50周年庆祝招待会在京举行 张德江 萨苏出席并致辞.jpg

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གོ་དང་ཁོང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་གཉིས་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

    ཀྲུང་གོ་དང་ཁོང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་ཚེས་བཅུ་གསུམ་ཉིན་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་གཉིས་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

    ཀྲང་ཏི་ཅང་གིས་ཞུ་ཚིག་འབུལ་སྐབས་གསུངས་རྒྱུར། 1964ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་གཉིས་བར་གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་ཕྱོགས་འབྲེལ་བ་དངོས་སུ་བཙུགས། འདས་པའི་ལོ་ལྔ་བཅུ་ནི་ཀྲུང་གོ་དང་ཁོང་གོ་རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་མཐུན་སྒྲིལ་རོགས་ལས་བྱས་པའི་ལོ་ངོ་ལྔ་བཅུ་ཡིན་ལ། ལྷག་བསམ་ཟོལ་མེས་སྒོས་མཉམ་ལས་བྱེད་པ་དང་མཉམ་དུ་འཕེལ་རྒྱས་གཉེར་བའི་ལོ་ངོ་ལྔ་བཅུ་ཡིན་པར་མ་ཟད། སྲོལ་རྒྱུན་མཛའ་མཐུན་དང་མཛའ་བཤེས་རྒྱུན་རིང་བའི་ལོ་ངོ་ལྔ་བཅུ་ཡང་ཡིན། ལོ་ངོ་ལྔ་བཅུའི་རྗེས་ཀྱི་དེ་རིང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད་ལ། ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་མཉམ་འབྲེལ་བྱས་ནས་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། དར་རྒྱས་དང་འཕེལ་རྒྱས་ཀྱི་ཨ་ཧྥེ་རི་ཁའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད་པ་དང་། ཁོང་གོ་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་རྒྱལ་ཁབ་ཀྱི་དམངས་གཙོ་དང་ཕྱུག་སྒྱུར་གྱི་ཁོང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཀྱིན་ཡོད་ཟེར།

    ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁོང་གོ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་བ་དང་བསྟུན་ནས། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ས་སུའུ་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཐད་ནས་ཕན་ཚུན་ལ་སྔར་ལས་ཡིད་ཆེས་བྱེད་པ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། སྤུན་ཟླ་ལྟ་བུའི་མཛའ་བཤེས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཁོང་གོ་གཉིས་བར་གྱི་མཐུན་སྒྲིལ་རོགས་ལས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    ས་སུའུ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཁོང་གོ་དང་ཀྲུང་གོའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུའི་རིང་ལ། རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་གཉིས་ཀྱིས་གསོན་ཤུགས་ལྡན་པ་དང་། གཉིས་ཕན་མཉམ་རྒྱལ། གྲུབ་འབྲས་གཡུར་དུ་ཟ་བ་བཅས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས། ལོ་ངོ་ལྔ་བཅུ་འདི་ནི་ཁོང་གོ་དང་ཀྲུང་གོ་གཉིས་ཀྱི་མཛའ་བཤེས་རྣམ་དག་དང་། མཐུན་སྒྲིལ་རོགས་ལས། ཁ་བཤད་དོན་གནས་ཀྱི་ལོ་ལྔ་བཅུ་ཡིན། ཁོང་གོ་དང་ཀྲུང་གོ་གཉིས་ཀྱིས་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་སྟེ། རང་དབང་དང་ལ་རྒྱ། འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པར་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག