མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«གྲོང་ཁྱེར་གྱི་ས་འོག་བཙོག་ཆུ་འདྲེན་པའི་སྦུགས་ལམ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»འགྲེམ་སྤེལ་བྱས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:46

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«གྲོང་ཁྱེར་གྱི་ས་འོག་བཙོག་ཆུ་འདྲེན་པའི་སྦུགས་ལམ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»ཞེས་པ་འགྲེམ་སྤེལ་བྱས་ཏེ། གྲོང་ཁྱེར་གྱི་ས་འོག་བཙོག་ཆུ་འདྲེན་པའི་སྦུགས་ལམ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པ་དང་གྲོང་ཁྱེར་གྱི་བདེ་འཇགས་འཁོར་སྐྱོད་འགན་སྲུང་བྱས་ནས། གྲོང་ཁྱེར་གྱི་ཕྱོགས་བསྡུས་ནུས་པ་དང་མཁར་གྲོང་ཅན་ཏུ་བསྒྱུར་བའི་སྤུས་ཚད་ཇེ་མཐོར་གཏོང་བར་བཀོད་སྒྲིག་བྱས།

    «མཛུབ་སྟོན་བསམ་འཆར»ལས་ཉེ་བའི་དུས་སྐབས་དང་དུས་སྐབས་འབྲིང་རིང་གི་སྤྱིའི་བྱ་བའི་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་པར་མ་ཟད། གྲོང་ཁྱེར་གྱི་ས་འོག་བཙོག་ཆུ་འདྲེན་པའི་སྦུགས་ལམ་འཛུགས་སྐྲུན་དང་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་ལས་འགན་གཙོ་བོ་བཏོན་ཡོད། གཅིག གཅིག་གྱུར་སྒོས་འཆར་འགོད་དང་དོ་དམ་ནན་མོ་བྱེད་པར་ཤུགས་སྣོན་དགོས། གཉིས། བཟོ་སྐྲུན་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་དགོས། གསུམ། བཙོག་ཆུ་འདྲེན་པའི་སྦུགས་ལམ་རྙིང་བ་བསྒྱུར་བཀོད་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། བཞི། ཞིག་གསོ་དང་བདག་སྐྱོང་ལ་ཤུགས་བསྣན་ནས་བདེ་འཇགས་ཀྱི་ཉེན་ཁ་སེལ་དགོས། ལྔ། ཁྱབ་བཤེར་བྱ་བ་བསྒྲུབ་ནས་ཆ་འཕྲིན་མ་ལག་འཐུས་ཚང་དུ་གཏོང་དགོས། དྲུག ཁྲིམས་སྲོལ་ཚད་གཞི་འཐུས་ཚང་དུ་བཏང་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག