མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་སྲིད་པུའུ་དང་དམངས་སྲིད་པུའུ་ཡིས་རང་བྱུང་གནོད་འཚེའི་ཀྲུང་དབྱང་གི་གསབ་རོགས་མ་དངུལ་སྒོར་དུང་ཕྱུར་3.58སྤྲད་དེ། ཅང་ཤིས་དང་། ཧུའུ་ནན། ཀོང་ཏུང་། ཀུའེ་ཀྲོའུ་བཅས་ཀྱི་དྲག་ཆར་དང་ཆུ་ལོག་གེགས་ཁུལ་གྱི་གེགས་སེལ་ལས་དོན་ཡག་པོ་བསྒྲུབས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-15 12:02

    ཟླ་6ཚེས་10ཉིན་ནོར་སྲིད་པུའུ་དང་དམངས་སྲིད་པུའུ་ཡིས་ཅང་ཤིས་དང་།ཧུའུ་ནན།ཀོང་ཏུང་།ཀུའེ་ཀྲོའུ་བཅས་ཞིང་ཆེན་4ལ་རང་བྱུང་གནོད་འཚེའི་འཚོ་བའི་ཀྲུང་དབྱང་གི་གསབ་རོགས་མ་དངུལ་སྒོར་དུང་ཕྱུར་ཁྱོན་3.58སྤྲད་ནས་ཉེ་དུས་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཕོག་པའི་མང་ཚོགས་གང་མགྱོགས་གཞན་སྒྱུར་གནས་སྤོ་དང་།བར་བརྒལ་རང་བཞིན་གྱི་འཚོ་བའི་སྐྱོབ་རོགས།སྐྱོན་ཤོར་བའི་ཁང་པ་སླར་གསོ་བསྐྱར་སྐྲུན་བཅས་དང་གེགས་བར་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་སེམས་གསོའི་དངུལ་སྤྲོད་རྒྱུའི་ཐད་སྤྱད་པ་མ་ཟད།གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་སྐྱོབ་རོགས་ལས་དོན་ཡག་པོ་སྒྲུབ་རོགས་བྱས་པ་རེད།

    ཟླ་5པའི་ཟླ་མཇུག་ནས་བཟུང་ཅང་ཤིས་དང་།ཧུའུ་ནན།ཀོང་ཏུང་།ཀུའེ་ཀྲོའུ་བཅས་ཞིང་ཆེན་4ཡི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེར་དམིགས་ནས་རྒྱལ་ཁབ་གནོད་འཚེ་ཆུང་གཏོང་ཨུ་ལྷན་དང་དམངས་སྲིད་པུའུ་ཡིས་རྒྱལ་ཁབ་ཀྱི་IVརིམ་པའི་འཕྲལ་སྡོམ་དང་ལེན་ཐེངས་4ཞུས་ཏེ་ལས་དོན་ཚོགས་ཆུང་3ཞིང་ཆེན་4ཡི་གནོད་འཚེ་ཚབས་ཆེན་གྱི་གྲོང་ཁྱེར་དང་རྫོང་གི་གེགས་བར་གནས་ཚུལ་ལ་ཞིབ་བཤེར་དུ་བསྐྱོད་དེ་གེགས་སེལ་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་རམ་འདེགས་བྱས་པ་རེད།དམངས་སྲིད་པུའུ་ཡིས་གུར་7600དང་།སྲིང་བལ་ཉལ་ཆས་ཁྲི་1.4 ལྟེབ་སྒྲིལ་ཉལ་ཁྲི་2000སོགས་ཀྲུང་དབྱང་གི་གེགས་སེལ་གསོག་འཇོག་དངོས་པོ་གཏོང་སྤྲོད་བྱས་པ་དང་།ཅང་ཤིས་དང་།ཧུའུ་ནན།ཀོང་ཏུང་།ཀུའེ་ཀྲོའུ་བཅས་ཞིང་ཆེན་4ཡིས་ཞིང་ཆེན་རིམ་པའི་གེགས་སེལ་འཕྲལ་སྡོམ་མ་དངུལ་སྒོར་ཁྲི་4150སྤྲད་ཅིང་།གུར་དང་།སྲིང་བལ་ཉལ་ཆས།ཨ་ཅོར་གྱི་ཉལ་གཟན།རྩྭ་གདན།འབྲས་སོགས་གེགས་སེལ་དངོས་པོ་བསྐྱལ་ནས་གེགས་བར་བྱུང་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག