མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོར་ཀུའེ་ཀྲོའུ་ཡི་མཐོ་རྒྱུགས་ནང་གྲངས་ཉུང་མི་རིགས་དང་རྒྱ་ཡིག་སྐད་ཡིག་གཉིས་ཀྱི་གྲ་སྒྲིག་འཛིན་གྲྭའི་སློབ་མ་ཐེངས་དང་པོ་བསྡུ་རྒྱུ་ཡིན་པ།

རྒྱུགས་སྤྲོད་སློབ་མས་ཐོ་འགོད་བྱེད་པར་གྲངས་ཉུང་མི་རིགས་སྐད་ཡིག་གི་ཁ་སྐད་ཚོད་རྒྱུགས་ནང་ཞུགས་དགོས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-15 12:02

    གསར་འགོད་པས་ཚེས་11ཉིན་ཀུའེ་ཀྲོའུ་ཞིང་ཆེན་སློབ་བསྡུ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོ་ཀུའེ་ཀྲོའུ་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་དང་རྒྱ་ཡིག་སྐད་ཡིག་གཉིས་ཀྱི་གྲ་སྒྲིག་འཛིན་གྲྭའི་སློབ་མ་ཐེངས་དང་པོ་བསྡུ་རྒྱུ་ཡིན་པ་དང་རྒྱུགས་སྤྲོད་སློབ་མ་ངེས་པར་དུ་གྲོང་གསེབ་ཀྱི་ཐེམ་ཁུངས་ཡིན་དགོས་པ་མ་ཟད་མེའོ་རིགས་དང་།པུའུ་དབྱི་རིགས།ཏུང་རིགས།དབྱིས་རིགས།ཧྲུའེ་རིགས།ཡའོ་རིགས་བཅས་མི་རིགས་དྲུག་ནང་གི་གཅིག་ཚོད་རྒྱུགས་ནང་འདེམས་ཆོགསློབ་བསྡུ་སློབ་གླིང་ནང་ཀུའེ་ཀྲོའུ་མི་རིགས་སློབ་ཆེན་དང་།ཁའེ་ལི་སློབ་གླིང་།ཆན་ནན་མི་རིགས་དགེ་འོས་སློབ་གྲྭ་བཅས་ཚུད་ཡོད།

    ཚོད་རྒྱུགས་ནང་ཞུགས་མཁན་སློབ་མར་རྒྱུགས་རར་འདྲི་གཞི་འཐེན་པ་དང་འདྲི་གཞིའི་ནང་དོན་ལ་གཞིགས་ཏེ་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ལན་འདེབས་དགོས།ཁ་སྐད་ཀྱི་ཚོད་རྒྱུགས་ཚད་ལོན་པའི་རྒྱུགས་སྤྲོད་སློབ་མས་གྲངས་ཉུང་མི་རིགས་དང་རྒྱ་ཡིག་སྐད་ཡིག་གཉིས་ཀྱི་གྲ་སྒྲིག་སློབ་མའི་རྒྱུགས་ཐོ་འགོད་པའི་ཐོབ་ཐང་ཐོབ་སྟེ་གྲངས་ཉུང་མི་རིགས་དང་རྒྱ་ཡིག་སྐད་ཡིག་གཉིས་ཀྱི་གྲ་སྒྲིག་སློབ་མའི་འདུན་པ་ཞུས་ཆོགསློབ་བསྡུའི་སློབ་གླིང་གིས་སློབ་མ་བསྡུ་སྐབས་རྒྱུགས་སྤྲོད་སློབ་མའི་འདུན་པ་དང་མཐོ་རྒྱུགས་རིག་གནས་ཀྱི་སྐར་གྲངས་ལ་གཞིགས་ཏེ་མཐོ་བ་ནས་དམའ་བའི་བར་བསྡུ་བ་དང་སློབ་མ་བསྡུས་རྗེས་ཞིང་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དང་ས་གནས་གཏན་འཁེལ་གྱི་ལས་ཞུགས་གྲོས་མཐུན་བཞག་རྗེས་སློབ་གྲྭར་བསྐྱོད་པའི་འགྲོ་ལུགས་སྒྲུབ་ཆོག་གི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག