མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:49

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉི་ཤུ་ཉིན་ཅ་ལ་ཅ་སི་གྲོང་ཁྱེར་དུ་ཐོན་ནས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། པར་འདི་ནི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་གནམ་གྲུ་ཐང་དུ་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལ་པོ་ལིས་བ་ཨར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་གདན་དྲངས་པ་ལྟར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉི་ཤུ་ཉིན་ཅ་ལ་ཅ་སི་གྲོང་ཁྱེར་དུ་ཐོན་ནས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་བཞི་བཅུའི་སྟེང་ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཅ་ལ་ཅ་སིའི་མེད་ཁི་ཏེ་ཡ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན། ཙུང་ཐུང་མཱ་ཏུའུ་ལོ་ཡིས་གནམ་གྲུ་ཐང་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཞི་ཅིན་ཕེན་དང་མཱ་ཏུའུ་ལོ་རྣམ་གཉིས་ཀྱིས་མཉམ་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

ཞི་ཅིན་ཕེན་ནི་ཨ་ཀིན་ཐིན་ལ་རྒྱལ་དོན་འཚམས་འདྲི་མཛད་རྗེས་ཅ་ལ་ཅ་སི་གྲོང་ཁྱེར་དུ་ཕེབས་པ་ཡིན་ལ། པུའུ་ཡེ་ནོ་སི་ཨེ་ལིས་སི་དང་ཞལ་གྱེས་སྐབས་ཨ་ཀིན་ཐིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་གནམ་གྲུ་ཐང་དུ་སོང་ནས་སྐྱེལ་མ་བྱས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག