མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:50

ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།
ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཚེས་ཉི་ཤུ་ཉིན། ཡུས་ཀྲིན་ཧྲིན་གྱིས་རང་སྐྱོང་ལྗོངས་ཀྱི་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་མཉམ་དུ་བཞུགས་མོལ་བྱས་ཏེ་ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཉན་པར་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་ནང་སོག་གི་བྱ་བར་རྟོག་ཞིབ་མཛད་སྐབས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། མི་རིགས་མངའ་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་ལ། མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཡུས་ཀྲིན་ཧྲིན་སྔ་གཞུག་ཏུ་ཨི་ཨར་ཏོ་སི་གྲོང་ཁྱེར་དང་མཁར་སྔོན་པོ་གྲོང་ཁྱེར་གྱི་ཁེ་ལས་དང་མཐོ་རིམ་སློབ་གྲྭ། འབྲོག་སྡེ་གསར་བ་སོགས་ལ་ཕེབས་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོར་གྲོས་བསྡུར་བྱས། རྟོག་ཞིབ་མཛད་སྐབས་ཡུས་ཀྲིན་ཧྲིན་གྱིས་ཐེངས་མང་པོར་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་ནང་སོག་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་མཛད།

ཡུས་ཀྲིན་ཧྲིན་ཆེད་དུ་འབྲོག་སྡེ་གསར་བའི་འབྲོག་ཁྱིམ་དུ་ཕེབས་ཏེ་སྡོད་ཁང་གི་ཆ་རྐྱེན་དང་ཡོང་སྒོ། འདེབས་འཛུགས་ལས་རིགས་སོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད། ཁོང་གིས་གསུངས་རྒྱུར། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ནི་མི་རིགས་བྱ་བའི་གཞི་འཛིན་ས་དང་རྐང་འཛུགས་ས་ཡིན་པས། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་འཕེལ་རྒྱས་ཀྱི་རྒྱུ་སྤུས་ཚད་འཇལ་བྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྤྱི་བའི་ཞབས་ཕྱི་དོ་མཉམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་མུ་མཐུད་དུ་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། མང་ཚོགས་ལ་དགོས་གལ་ཆེ་བའི་དོན་དངོས་དང་དོན་བཟང་བསྒྲུབ་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་རིགས་སོ་སོའི་མང་ཚོགས་ཁེ་ཕན་ཐོབ་ཏུ་འཇུག་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ད་དུང་རང་སྐྱོང་ལྗོངས་ཀྱི་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་མཉམ་དུ་བཞུགས་མོལ་བྱས་ཏེ་ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཉན་པར་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག