མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:50

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་ཅ་ལ་ཅ་སི་གྲོང་ཁྱེར་ནས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་ཅ་ལ་ཅ་སི་གྲོང་ཁྱེར་ནས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་སྐབས་འདིར་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་དེ་སྔར་སྲོལ་རྗེས་མཐུད་དང་མ་འོངས་གསར་གཏོད་ཀྱི་དུས་སྐབས་གལ་ཆེན་ཏུ་གནས་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུར་གཅིག་གྱུར་སྒོས་འཐད་པ་བྱུང་ཟེར། ཞི་ཅིན་ཕེན་གྱིས་གྲོས་གཞི་བཞི་བཏོན། གཅིག ཁྱོན་ཡོངས་གསལ་བོར་ཤེས་པར་བྱེད་དགོས། གཉིས། དངོས་ཕན་ལ་ཡིད་འཇོག་ཆེན་པོ་བྱེད་དགོས། གསུམ། བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་དགོས། བཞི། ཁྱོན་ཡོངས་གཙོ་བོར་འཛིན་དགོས་པ་བཅས་རེད།

མཱ་ཏུའུ་ལོ་ཡིས་བཤད་རྒྱུར། ང་ཚོས་ཀྲུང་གོའི་ཡུན་རིང་གི་ལོ་རྒྱུས་རིག་གནས་ལ་བརྩི་འཇོག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཡིད་སྨོན་བྱེད་པར་མ་ཟད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་ནུས་པ་སྔར་ལས་ཆེན་པོ་འདོན་ཐུབ་པར་ཡིད་ཆེས་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་གླེང་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་འབྲེལ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། དེང་སྐབས་པ་ལི་སི་ཐན་དང་དབྱི་སི་རལ་གཉིས་ཀྱི་གནས་བབ་སྐོར་གླེང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་མུ་མཐུད་དུ་པ་ལི་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་ངེས་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག