མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧ་ཝ་ནཱ་ལ་ཕེབས་ཏེ་ཁུ་པཱ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 11:02

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་གཅིག་ཉིན་ཧ་ཝ་ནཱ་ལ་ཕེབས་ཏེ་ཁུ་པཱ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
གནམ་གྲུ་ཐང་ནས་ཁུ་པཱའི་ལོ་ཆུང་བྱིས་པས་ཞི་ཅིན་ཕེན་ལ་མེ་ཏོག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་གཅིག་ཉིན་ཧ་ཝ་ནཱ་ལ་ཕེབས་ཏེ། ཁུ་པཱ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ས་དེའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་དགུ་ཡས་མས་སུ་ཞི་ཅིན་ཕེན་བཞུགས་པའི་གནམ་གྲུ་ཧ་ཝ་ནཱའི་ཧི་སེ·མཱ་ཏིས་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན། ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་ཁུར་བའི་ཏིས་ཡ་སི་ཁཱ་ནཱ་ཨར་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕེན་ལ་དགའ་བསུ་ཞུས་པ་དང་། ཁུ་པཱའི་ལོ་ཆུང་བྱིས་པས་ཞི་ཅིན་ཕེན་ལ་མེ་ཏོག་ཕུལ།

ཞི་ཅིན་ཕེན་གྱིས་བསྟན་དོན། གཅིག་སྟོང་དགུ་བརྒྱ་དྲུག་ཅུ་ལོར་ཁུ་པཱ་རྒྱལ་ཁབ་ཀྱིས་ལཱ་ཏེན་མེ་གླིང་དང་ཅ་ལའེ་པིས་ས་ཁུལ་ནས་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་ནས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བའི་ལོ་རྒྱུས་གསར་བ་ཞིག་གསར་སྐྲུན་བྱས་ཏེ་ཀྲུང་གོ་དང་ཁུ་པཱ་བར་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་དང་ཉམས་སད་འདྲ་མིན་སྣ་ཚོགས་ཐེག་ཐུབ་པར་བྱས། དེང་སྐབས་རྒྱལ་ཁབ་གཉིས་རང་སོ་སོའི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཤིང་། ཀྲུང་གོ་དང་ཁུ་པཱའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ལ་ཐུག་ཡོད། ངས་རེབ་འདིར་འཚམས་འདྲི་བྱེད་སྐབས་ཀྲུའུ་ཞི་ལོ་ཨར་སོགས་ཁུ་པཱའི་མགོ་ཁྲིད་བློ་མཐུན་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ལ་བརྗེ་རེས་ཟབ་མོ་བྱས་ནས། ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཡུན་རིང་གི་འཆར་གཞི་འཐེན་ནས། མཉམ་དུ་ཀྲུང་གོ་དང་ཁུ་པཱའི་བར་གཉིས་ཕན་མཛའ་མཐུན་མཉམ་ལས་བྱེད་པའི་དུས་རབས་གསར་བ་ཞིག་གསར་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག