མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་པོའི་གྲོས་མོལ་སྐོར་ཐེངས་དྲུག་པའི་ཨ་མེ་རི་ཁའི་འཐུས་མི་ལ་བཞུགས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 11:03

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་པོའི་གྲོས་མོལ་སྐོར་ཐེངས་དྲུག་པའི་ཨ་མེ་རི་ཁའི་འཐུས་མི་ལ་བཞུགས་མོལ་མཛད།
 
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་སྐོར་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་པོའི་གྲོས་མོལ་སྐོར་ཐེངས་དྲུག་པའི་ཨ་མེ་རི་ཁའི་འཐུས་མི་ལ་བཞུགས་མོལ་མཛད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་སྐོར་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་པོའི་གྲོས་མོལ་སྐོར་ཐེངས་དྲུག་པའི་ཨ་མེ་རི་ཁའི་འཐུས་མི་ལ་བཞུགས་མོལ་མཛད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་སྐོར་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་པོའི་གྲོས་མོལ་སྐོར་ཐེངས་དྲུག་པའི་ཨ་མེ་རི་ཁའི་འཐུས་མི་ལ་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་པོའི་གྲོས་མོལ་སྐོར་ཐེངས་དྲུག་པར་ཞུགས་པའི་ཨ་མེ་རི་ཁའི་འཐུས་མི་ལ་བཞུགས་མོལ་མཛད།

ཨ་མེ་རི་ཁའི་རྒྱལ་ཡོངས་ཚོང་ཚོགས་ཀྱི་ཚོགས་གཙོ་ཏོ་ནའོ་ཧོ་དང་དེ་མིན་འཛམ་གླིང་གི་སྐད་གྲགས་ཆེ་བའི་ཁེ་ལས་ལྔ་བརྒྱའི་འགན་ཁུར་པས་སོ་སོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་དང་། དངུལ་ལོར་སོགས་མཉམ་ལས་ཐད་ལ་ལྟ་ཚུལ་བཏོན། ལིས་ཁི་ཆང་གིས་ཁོ་ཚོ་དང་མཉམ་དུ་བརྗེ་རེས་མཛད་པ་མ་ཟད་དྲི་བར་ལན་བཏབ།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་གཏོང་བ་དང་། བཅོས་སྒྱུར་ལ་ཡར་སྐུལ། གྲུབ་ཚུལ་ལེགས་སྒྲིག དམངས་ཕན་བཟོ་སྐྲུན། ཉེན་ཁ་འགོག་པ་སོགས་བྱ་བའི་ཐད་ལ་གཅིག་གྱུར་གྱིས་འཆར་གཞི་བཀོད་པའི་དམིགས་ཡུལ་ནི་བཅོས་སྒྱུར་གྱི་བྱེད་ཐབས་དང་ཚོང་རའི་སྟོབས་ཤུགས་སྔར་ལས་ཆེན་པོ་བཀོལ་སྤྱོད་བྱས་ནས། དཔལ་འབྱོར་འཕར་སྣོན་གཏོང་བའི་ནང་ཁུལ་གྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་དང་། དཔལ་འབྱོར་བྱ་བ་དེ་ཆུ་ཚད་མཐོ་འབྲིང་དུ་བསྐྱོད་པར་ཡར་སྐུལ་བྱེད་པ། ཀྲུང་གོའི་དཔལ་འབྱོར་རིམ་སྤོར་དང་དམངས་ཕན་བྱ་བ་རྒྱུན་ཆད་མེད་པར་ཇེ་བཟང་དུ་གཏོང་རྒྱུ་དེ་ཡིན་ལ། དེ་འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་ཡང་ཕན་པ་ཡོད། ང་ཚོས་སྔར་ལས་སྒོ་འབྱེད་ཀྱི་བཅོས་སྒྱུར་རྣམ་པ་ཞིག་ཆགས་པར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་མཉམ་དུ་དྲང་བདེན་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་། ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་ཁོངས་གཏོགས་གསར་བ་འཛུགས་སྐྲུན་བྱེད་པར་ཞུགས་མཁན་དང་བྱས་རྗེས་འབུལ་མཁན་ཞིག་བྱེད་འདོད་ཡོད་ཟེར།

ཏོ་ནའོ་ཧོ་སོགས་ཨ་མེ་རི་ཁའི་འཐུས་མིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་གལ་ཆེ་ཞིང་འབྲེལ་བ་ཅུང་ཟབ་པའི་མཉམ་ལས་གྲོགས་པོ་ཡིན་པས། མཉམ་ལས་བྱ་བ་སྔར་ལས་རྒྱ་བསྐྱེད་དེ་ཕྱོགས་གཉིས་ལ་ཕན་ཁེ་བསྐྲུན་པ་དེ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་འབྱུང་བར་ཕན་པ་ཡོད། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོས་ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་ཁྱབ་ཁོངས་ཆེན་པོ་ཞིག་གསར་གཏོད་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག