མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མཁན་ལོ་ཨར་ཁ་སི་ཐི་ལོ་དང་མཉམ་དུ་ཁུ་པའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཧྲིན་ཏེ་ཡ་ཀི་གྲོང་ཁྱེར་ལ་འཚམས་འདྲི་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:26

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མཁན་ལོ་ཨར་ཁ་སི་ཐི་ལོ་དང་མཉམ་དུ་ཁུ་པའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཧྲིན་ཏེ་ཡ་ཀི་གྲོང་ཁྱེར་ལ་འཚམས་འདྲི་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མཁན་ལོ་ཨར་ཁ་སི་ཐི་ལོ་དང་མཉམ་དུ་ཁུ་པའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཧྲིན་ཏེ་ཡ་ཀི་གྲོང་ཁྱེར་ལ་འཚམས་འདྲི་མཛད།

ཞི་ཅིན་ཕེན་ཧྲིན་ཏེ་ཡ་ཀི་གྲོང་ཁྱེར་ལ་ཐོན་རྗེས་ཐོག་མར་ལོ་ཨར་དང་མཉམ་དུ་ཧི་སེ་མ་ཏེའི་བང་སོར་མེ་ཏོག་ཕུལ་བ་དང་། དེར་མཐུད་ནས་གསར་བརྗེ་དཔའ་བོའི་དྲན་གསོའི་རྩིག་ལྡེབས་ཀྱི་མདུན་དུ་ཕེབས་ཤིང་། ལོ་ཨར་ཁ་སི་ཐི་ལོ་ཡིས་ཞི་ཅིན་ཕེན་ལ་སྔོན་གཤེགས་དཔའ་བོ་རྣམས་ཀྱི་བྱས་རྗེས་མཚམས་སྦྱོར་བྱས།

གཟིགས་ཞིབ་མཇུག་རྫོགས་རྗེས། ཞི་ཅིན་ཕེན་དང་ལོ་ཨར་རྣམ་གཉིས་ཀྱིས་ཡང་བསྐྱར་གྲོས་མོལ་མཛད་དེ་ཀྲུང་གོ་དང་ཁུ་པའི་འབྲེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཉིན་དེའི་དགོང་མོར་ཞི་ཅིན་ཕེན་གྱིས་ཁུ་པ་ལ་འཚམས་འདྲི་མཛད་རྗེས་ཕྱིར་རང་རྒྱལ་དུ་ལམ་ལ་ཆས། ལོ་ཨར་གྱིས་ཞི་ཅིན་ཕེན་ལ་བརྩེ་བའི་ཕྱག་འཇུ་གནང་སྐབས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁུ་པ་ལ་རྒྱལ་དོན་འཚམས་འདྲི་མཛད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། ང་ཚོས་རྒྱ་ཆེ་ཞིང་གཏིང་ཟབ་པའི་གྲོས་མོལ་བྱས་ནས་ཁུ་པ་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལ་ཏེན་མེ་གླིང་ལ་འཚམས་འདྲི་མཛད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག