མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་ དུང་ཕྱུར་6ལས་བརྒལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-26 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཚེས་23ཉིན་ཡོངས་བསྒྲགས་བྱས་པར་གཞིགས་ན།2014ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་མི་གྲངས་དུང་ཕྱུར་6.02ཟིན་པའི་ནང་དངུལ་རྩའི་ནུས་པ་ལྡན་པའི་སྤྱི་ཚོགས་འགན་སྲུང་གཱ་དུང་ཕྱུར་4.4ལས་བརྒལ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཏུ་སྤྱི་ཚོགས་འགན་སྲུང་གཱ་སྤྲོད་པའི་ལས་དོན་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་།སྤྲད་ཡུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་གྲོང་གསེབ་ཀྱི་གྲོང་མི་བར་རྒྱ་ཆེར་བཏང་ཡོད་པ་རེད།རྒྱལ་ཡོངས་ཀྱི་ཞིང་ཆེན་30ཡི་ས་ཁུལ་དང་གྲོང་ཁྱེར(ཞིང་ཆེན་དེ་རང་གི་རིམ་པ་དང་པིན་ཐོན་གྱི་ཧྲི་ཁག་ཚུད་པ)335ལ་སྤྱི་ཚོགས་འགན་སྲུང་གཱ་སྤྲད་ནས་ས་ཁུལ་དང་གྲོང་ཁྱེར་ལ་ཁྱབ་ཚད་87%ཟིན་ཅིང་།ཞིང་ཆེན་24ཡི་ཁོངས་གཏོགས་ས་ཁུལ་དང་གྲོང་ཁྱེར་ཚང་མར་གཱ་སྤྲད་ཡོད་པ་རེད།

སྤྱི་ཚོགས་འགན་སྲུང་གཱ་བེད་སྤྱོད་ཁྱབ་ཁོངས་ཇེ་ཆེར་ཕྱིན་ཞིང་།མིག་སྔར་གཱ་སྤྲད་པའི་ས་ཁུལ་དང་གྲོང་ཁྱེར་དུ་སྨན་བཅོས་འགན་བཅོལ་འགྲོ་གྲོན་གཱ་ཁྱེར་ནས་དུས་ཐོག་ཏུ་རྩིས་རྒྱག་པ་གཞི་རྩའི་ཆ་ནས་མངོན་གྱུར་བྱུང་རྨང་གཞིའི་ཐོགས་ཁུལ་དང་གྲོང་ཁྱེར་127ལ་ཨང་ཐོ་འགོད་པ་དང་ནད་རྟགས་བཅོས་པ་སོགས་སྨན་བཅོས་བརྒྱུད་རིམ་གྱི་ཞབས་ཞུ་མངོན་གྱུར་བྱུང་བ།ས་ཁུལ་དང་གྲོང་ཁྱེར་92སུ་ལས་རྨས་དང་ཕྲུ་གུ་སྐྱེ་བའི་སྨན་བཅོས་འགྲོ་གྲོན་དུས་ཐོག་ཏུ་རྩིས་རྒྱག་ཐུབ་པ།ས་ཁུལ་དང་གྲོང་ཁྱེར་124ལ་གཱ་ཁྱེར་ནས་འགྲོ་གྲོན་བརྩི་ཞུ་ཐུབ་པ།ས་ཁུལ་དང་གྲོང་ཁྱེར་133ལ་གཱ་ཁྱེར་ནས་རྒན་གསོའི་དངུལ་ལེན་པའི་ཞབས་ཞུ་མངོན་གྱུར་བྱུང་ཡོད།ས་ཁུལ་ཁ་ཤས་སུ་ད་དུང་མི་དམངས་མང་ཚོགས་ཚོར་ལས་འཚོལ་གདན་ཞུ་དང་།ལས་ཞུགས་ལས་ཤོར་ཐོ་འགོད།ལས་རིགས་གསོ་སྦྱོང་གི་ཁ་གསབ།མི་དོན་ཤེས་ལྡན་པ།གླ་ཆ་སྤྲོད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།ད་དུང་ས་ཁུལ་ཁ་ཤས་སུ་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་གྲོང་མིའི་བདེ་ཐང་ཆ་འཕྲིན་བློ་འདྲི་དང་སྤྱི་གསོག་མ་དངུལ་ལེན་པ་སོགས་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་གཞན་དག་མཁོ་འདོན་བྱས་ཡོད་པ་རེད།གཞན་ཡང་ས་ཁུལ་དང་གྲོང་ཁྱེར་190ལ་སྤྱི་ཚོགས་འགན་སྲུང་གཱ་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་བརྒལ་ནས་བེད་སྤྱོད་གཏོང་གི་ཡོད་པ་རེད།

མིག་སྔར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་པུའུ་དང་ཞིང་ཆེན་རིམ་པ་གཉིས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་གྱི་གཞི་རྩའི་ཆ་འཕྲིན་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་།ས་ཁུལ་ཁག་ཏུ་སྤྱི་ཚོགས་འགན་སྲུང་གཱ་ལས་སྒོ་ལས་བརྒལ་བ་དང་།ས་ཁུལ་ལས་བརྒལ་བ།སྡེ་ཚན་ལས་བརྒལ་བ་བཅས་ཀྱི་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྒྲིག་འཛུགས་བྱས་ནས་སྐོར་སྐྱོད་རང་བཞིན་ལ་འཚམ་གང་ཐུབ་བྱས་ཏེ་མང་ཚོགས་ཚོར་གཱ་ཡོད་པ་དང་འགན་ལེན་ཡོད་པ་མངོན་འགྱུར་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག