མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀོང་ཤིས་ཀྱིས་ཧའེ་ནན་དུ་ཛ་དྲག་ངང་གེགས་སེལ་དངོས་ཟོག་དབོར་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-26 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་22ཉིན་གྱི་དགོང་མོ་ནས་བཟུང་དམངས་སྲིད་སྡེ་ཚན་གྱི་གཏོང་སྤྲོད་བཀའ་བཀོད་འབྱོར་རྗེས་ཀོང་ཤིས་གེགས་སེལ་དངོས་ཟོག་གྲབས་གསོག་ལྟེ་གནས་ཀྱིས་གེགས་སེལ་གུར་2000དང་གེགས་སེལ་ཉལ་ཁྲི་10000དབོར་བའི་ལས་དོན་འཕྲལ་མར་སྤེལ་བ་དང་།དངོས་ཟོག་དེ་དག་ཧའེ་ནན་ཞིང་ཆེན་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་རྒྱུ་ཡིན་པ་རེད།

ཀོང་ཤིས་ཀྱི་ས་ཁུལ་མང་ཆེ་བ་རྒྱ་མཚོའི་རླུང་འཚུབ“ཝུའེ་ཨར་ཤུན”གྱི་གནོད་འཚེ་ཕོག་ཁུལ་གྱི་ཁོངས་སུ་གཏོགས་པ་དང་།རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཚེས་19ཉིན་རིམ་པ་བཞི་པ་དང་རིམ་པ་གསུམ་པའི་གེགས་སེལ་འཕྲལ་སྡོམ་སྔ་རྗེས་སུ་དང་ལེན་བྱས་རྗེས་ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་སུ་གེགས་སེལ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད།

དེ་དང་ཆབས་ཅིག་ཀོང་ཤིས་དམངས་སྲིད་ཐིང་གིས་ལྗོངས་ནང་ཁུལ་གྱི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་དགོས་མཁོ་གཞིར་བཟུང་གེགས་སེལ་དངོས་ཟོག་བསྟུད་མར་གཤམ་སྤྲོད་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་བཀོད་སྒྲིག་ལ་སྤྱད་པའི་ནང་གུར་2800སོགས་ཚུད་ཡོད་ཅིང་།མིག་སྔར་ཀོང་ཤིས་ལྗོངས་ནང་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམས་བྱུང་ཡོད་པ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག