མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི་དཔྱད་འདེམས་ཆ་རྐྱེན་མཐོ་རུ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-27 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སྤྱི་ཚེས་༢༥ཉིན་དམངས་སྲིད་པུས་སྐོང་འཚོགས་བྱས་པའི་འཆར་ཅན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་ལས་དོན་སྔར་བས་ཡག་པོ་བསྒྲུབས་པ་དང་། དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་ཡོངས་བསྒྲགས་དང་། འདྲ་མཉམ། གཞུང་དྲང་བཅས་ཡོང་རྒྱུ་འགན་སྲུང་བྱས་ཏེ། སྤྱིར་བཏང་མང་ཚོགས་དང་། ཁྲིམས་མི། དེ་མིན་སྒྲིག་འཛུགས་བཅས་དེ་བས་མངབས་དགེ་སྒྲུབ་བྱ་གཞག་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པར་སྐུལ་མ་གཏོང་ཆེད། དམངས་སྲིད་པུས་སྐབས་གོང་མ་བརྒྱད་རིང་ཀྱི་ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་ལས་དོན་གྱི་ཉམས་མྱོང་ཕྱོགས་བསྡོམས་བརྒྱབ་པའི་རྨང་གཞིའི་སྟེང་། ཉེ་དུས་ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་བྱ་ཐབས་བཟོ་བཅོས་གཏན་འབེབས་དང་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།

དམངས་སྲིད་པུའི་སྤྱི་ཚོགས་ཕན་བདེ་དང་དགེ་སྒྲུབ་བྱ་གཞག་སྐུལ་འདེད་སིའི་འགོ་འཛིན་ཀྲན་ཁྲེང་ཧྥུས་ངོ་སྤྲོད་གནང་བར། བྱ་ཐབས་གསར་པའི་ནང་བྱ་དགའ་སྤྲོད་པའི་དུས་འཁོར་དང་གཟེངས་བསྟོད་སྤྲོད་པའི་མི་གྲངས་ལེགས་སྒྲིག་བྱས་ཡོད་པ་དང་། ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི་ཆ་རྐྱེན་མཐོ་རུ་བཏང་ཡོད་པ་རེད། བྱ་ཐབས་གསར་པས་བྱ་དགའ་སྤྲོད་པའི་དུས་འཁོར་དེ་དེ་སྔའི་ལོ་གཅིག་ལ་ཐེངས་གཅིག་སྤྲོད་པ་ནས་ལོ་གཉིས་ལ་ཐེངས་གཅིག་སྤྲོད་རྒྱུར་བཟོ་བཅོས་བརྒྱབ་ཡོད་པ་དང་། དུས་མཚུངས་གཟེངས་བསྟོད་སྤྲོད་པའི་མི་གྲངས་ཀྱང་ཉེ་བའི་ལོ་ཤས་ནང་སྐབས་རེའི་མི་གྲངས་༡༠༠ཡིན་པ་ནས་སྐབས་རེར་མི་གྲངས་༥༠ནས་མི་བརྒལ་བ་བྱེད་རྒྱུའི་གཏན་འབེབས་བྱས་ཏེ། གཟེངས་བསྟོད་སྤྲོད་སའི་མི་གྲངས་ཉུང་དུ་ཤུགས་ཆེན་བཏང་ཡོད་པ་རེད། དེ་མིན་ད་དུང་བྱ་དགའ་བཀོད་སྒྲིག་བྱེད་སྟངས་དང་ལས་དོན་ལས་ཁུངས་ལེགས་སྒྲིག་བྱས་ཡོད་པ་རེད།

དེ་དང་ཆབས་ཅིག བྱ་ཐབས་གསར་པའི་ནང་ཞིང་ཆེན་རིམ་པའི་དམངས་སྲིད་ལས་ཁུངས་ཞུགས་ཆོག་པ་བཟོས་ཏེ། ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི་སྐུལ་འཁྲིད་ནུས་པ་ཤུགས་ཆེར་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག