མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིབ་རྩིས་ཧྲུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བདུན་གྱིས་མཉམ་འབྲེལ་ཐོག་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་དཔལ་འབྱོར་འགན་འཁྲིའི་ཞིབ་རྩིས་གཏན་འབེབས་ཀྱི་ལག་བསྟར་ཞིབ་སྲོལ་འགྲེམས་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-28 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་བཤེར་ལས་ཁུངས་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། ལྟ་ཞིབ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིབ་རྩིས་ཧྲུའུ། གཞུང་ཁོངས་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ནས་སྤྱི་ཟླ7པའི་ཚེས27ཉིན་མཉམ་འབྲེལ་ཐོག ཏང་སྲིད་འགོ་འཁྲིད་ལས་བྱེད་པ་གཙོ་བོ་དང་གཞུང་ཁོངས་ཁེ་ལས་ཀྱི་འགོ་འཁྲིད་པའི་དཔལ་འབྱོར་འགན་འཁྲིའི་ཞིབ་རྩིས་གཏན་འབེབས་ཀྱི་ལག་བསྟར་ཞིབ་སྲོལ་འགྲེམས་སྤེལ་བྱས་ཡོད་པ་རེད། ལག་བསྟར་ཞིབ་སྲོལ་ནང་། དཔལ་འབྱོར་འགན་འཁྲིའི་ཞིབ་རྩིས་ལྟ་སྐུལ་བྱེད་ཡུལ་ནང་། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། ཀྲུང་དབྱང་དང་ས་གནས་ཀྱི་རིམ་ཁག་ཏང་སྲིད་ལས་དོན་སྡེ་ཁག བྱ་གཞག་ཚན་པ། མི་དམངས་ཚོགས་པ་སོགས་ཚན་པའི་ཏང་ཨུད་ཀྱི་འགོ་འཁྲིད་ལས་བྱེད་པ་གཙོ་བོ་དང་། སྲིད་འཛིན་གྱི་འགོ་འཁྲིད་ལས་བྱེད་པ་གཙོ་བོ། དེ་བཞིན་གཞུང་ཁོངས་དང་གཞུང་ཁོངས་མ་རྩའི་མ་རྐང་ཚོད་འཛིན་གྱི་གནས་བབ་བཟུང་བའམ་གཙོ་གཟུགས་གནས་བབ་བཟུང་བའི་ཁེ་ལས་ཀྱི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་། ཁྲིམས་གཏན་འཁེལ་བའི་འཐུས་མིའི་འགན་འཁུར་མེད་རུང་དེ་བསྟུན་གྱི་འགན་དབང་ལག་བསྟར་དངོས་བྱེད་མཁན་སྤྱི་འདོམས་པ་དང་། སྤྱི་ཁྱབ་སྤྱི་གཉེར། ཏང་ཨུད་ཧྲུའུ་ཅི་སོགས་ཁེ་ལས་ཀྱི་འགོ་འཁྲིད་གཙོ་བོ་བཅས་ཡིན་པ་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག