མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བཅིངས་འགྲོལ་དམག་སྤྱིའི་ཚན་མུའུ་པུའུ་སོགས་པུའུ་བཞི་ཡིས«དམག་དཔུང་ལ་བྱ་དགའ་སྟེར་བ་དང་གཟེངས་བསྟོད་བྱེད་པའི་དོ་དམ་གཏན་འཁེལ»འགྲེམ་སྤེལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-28 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་བརྒྱུད། བཅིངས་འགྲོལ་དམག་སྤྱིའི་ཚན་མུའུ་པུའུ་དང་སྤྱིའི་ཆབ་སྲིད་པུའུ། སྤྱིའི་མཁོ་སྒྲུབ་པུའུ། སྤྱིའི་སྒྲིག་ཆས་པུའུ་བཅས་ཀྱིས་གཏན་ལ་ཕབ་པའི«དམག་དཔུང་ལ་བྱ་དགའ་སྟེར་བ་དང་གཟེངས་བསྟོད་བྱེད་པའི་དོ་དམ་གཏན་འཁེལ»ཉེ་ལམ་དམག་དཔུང་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་ལ་འགྲེམ་སྤེལ་བྱས་པར་མ་ཟད་ད་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། དེ་ནི་རང་རེའི་དམག་དཔུང་གིས་བྱ་དགའ་སྟེར་བ་དང་གཟེངས་བསྟོད་བྱེད་པའི་རྣམ་པ་གཉིས་ཀར་གོ་རིམ་ལྡན་ཞིང་ཚད་ལྡན་ཡིན་པའི་ཆེད་དོན་ཁྲིམས་སྲོལ་ཐོག་མ་ཡིན་པ་དང་། དེས་རང་རེའི་དམག་དཔུང་གི་ཡར་སྐུལ་ནང་རྐྱེན་དང་མཚན་སྙན་ལམ་ལུགས་མ་ལག་ཆ་ཚང་དང་འཐུས་ཚང་དུ་གཏོང་བར་མ་ཟད་བྱ་དགའ་དང་གཟེངས་བསྟོད་ཐད་ལ་མཛུབ་སྟོན་གྱི་ནུས་པ་ཆེན་པོ་འདོན་པར་སྟོབས་དང་ལྡན་པའི་ཁྲིམས་ལུགས་ཅན་གྱི་འགན་སྲུང་འདོན་སྤྲོད་བྱེད་ངེས་རེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ནན་ཏན་སྒོས་གཏན་འཁེལ་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། རྒྱ་ཆེའི་དཔོན་དམག་རྣམས་ལ་སྣེ་ཁྲིད་བྱས་ཏེ་དམག་དཔུང་གི་འཛུགས་སྐྲུན་དང་བཅོས་སྒྱུར་། དམག་དོན་འཐབ་རྩོད་བཅས་ལ་གྲ་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག