མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཐའེ་ཝན་ཕོང་ཧུའུ་ཡི་མཁའ་འགྲུལ་ཆག་སྒོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཡོངས་སུ་ཡིན་མིན་ངོས་འཛིན་བྱས་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-28 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས27ཉིན་བར་སླེབས་སྐབས་ཐའེ་ཝན་ཧྥུ་ཤིང་མཁའ་འགྲུལ་ཀུང་སིའི་གནམ་གྲུ་GE222ཀྱི་ཕོང་ཧུའུ་མཁའ་འགྲུལ་ཆག་སྒོ་ཐོན་ཏེ་ཉིན་ལྔ་སོང་ཟིན་པ་དང་། ཐའེ་ཝན་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཚེས26ཉིན་གྱི་དགོང་མོའི་བར་སླེབས་སྐབས། གནམ་གྲུའི་ཆག་སྒོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོ48ཡོངས་སུ་ཡིན་མིན་ངོས་འཛིན་བྱས་ཟིན་ཡོད་པ་རེད། ཐའེ་ཝན་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་གིས་སྤེལ་བའི་གསར་འགྱུར་ནང་། ཧྥུ་ཤིང་གི་གནམ་གྲུའི་ཆག་སྒོ་དེ་གནམ་གཤིས་དང་། འཕྲུལ་ཆས། མིའི་རྒྱུ་རྐྱེན་སོགས་སམ་ཡང་ན་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད་པ་དང་། དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་དང་ཧྥུ་ཤིང་མཁའ་འགྲུལ་གྱིས་ཐའེ་ཝན་གྱི་མཁའ་འགྲུལ་བདེ་འཇགས་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར། རྗེས་མཐུད་བརྟག་དཔྱད་བྱ་ཆེད། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག