མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་མིང་བཀོད་རྩོམ་ཡིག་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་གཏན་རྣམ་པ་གསར་པ་གླེང་བ་ཞེས་པ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-28 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས28ཉིན་དཔེ་སྐྲུན་བྱས་པའི་དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་མིང་བཀོད་རྩོམ་ཡིག འགོ་བརྗོད་དུ་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་གཏན་རྣམ་པ་གསར་པ་ཞེས་པ་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་དེ་འཕར་སྣོན་འགྱོགས་མྱུར་འགྲོ་བའི་རྣམ་པ་ནས་འཕར་སྣོན་མྱུར་ཚད་འགྱོགས་འབྲིང་གི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད་པ་དང་། དེ་སྔ་དང་མི་འདྲ་བའི་ཁྱད་ཆོས་མངོན་བསལ་མང་པོ་ཐོན་ཏེ། དཔལ་འབྱོར་གྱི་འཕར་སྣོན་མྱུར་ཚད་དལ་དུ་ཕྱིན་པ་མ་ཟད། འཕར་སྣོན་གྱི་སྒུལ་ཤུགས་ལ་འགྱུར་བ་བྱུང་བ་དང་། དཔལ་འབྱོར་གྲུབ་ཆ་སླར་ཡང་དོ་མཉམ་དུ་འགྱུར་བའི་སྣང་ཚུལ་ཐོན་ཡོད་པས། གཅིག་ནས་རྙོག་འཛིང་ཆེ་བའི་མ་ལག་གི་རྣམ་པ་བརྗེ་བསྒྱུར་བྱེད་དགོས་པ་དང་། གཉིས་ནས་བསྒྱུར་བཅོས་སྒོ་དབྱེ་དེ་དུས་མཚམས་གསར་ཤོས་སུ་སླེབས་པ་མཚོན་ཡོད། གལ་ཆེའི་དུས་མཚམས་དེར། གང་འདྲ་བྱས་ཏེ་དཔལ་འབྱོར་གོང་འཕེལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། འཕེལ་ཕྱོགས་གསར་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ་དང་། འགྱུར་བ་གསར་པར་རང་འགུལ་གྱིས་འཕྲོད་པ་བྱེད་པ། གོ་སྐབས་གསར་པ་དམ་འཛིན་ཧུར་ཐག་བཅས་བྱས་ཏེ། འཕར་སྣོན་བརྟན་པོ་ཡོང་བ་བྱེད་པ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཁྲོད་གོང་འཕེལ་གྱི་དོ་མཉམ་གནས་འཚོལ་ཞིབ་དང་། བསྒྱུར་བཅོས་ཀྱི་འགག་གཏོར་བྱེད་ས་གནད་ལ་འཁེལ་བ། རང་འགུལ་དབང་ཆ་དམ་པོར་བཟུང་བ་བཅས་བྱས་ཐོག རྒྱུན་གཏན་རྣམ་པ་གསར་པའི་འོག་མྱུར་ཚད་བརྟན་པའི་དཔལ་འབྱོར་འཕར་སྣོན་ཡུན་རིང་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་དེ་ནི་དེ་བས་གལ་འགངས་ཆེན་པོར་འགྱུར་ཡོད་ཅེས་བཏོན་ཡོད་པ་དང་། རྩོམ་ཡིག་ནང་། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་དེ་ཁྱོན་ཡོངས་ནས་དུས་མཚམས་གསར་པར་སླེབས་ཡོད། ཡུན་རིང་གི་མྱུར་ཚད་མགྱོགས་པའི་གོང་འཕེལ་གྱི་ཀ་རྟེན་དུ་འགྱུར་བའི་མི་འབོར་གྱི་ཕན་ཁེ་དང་། ས་ཆའི་ཕན་ཁེ་སོགས་རིམ་བཞིན་ཞན་དུ་འགྲོ་བའི་སྐབས་འདིར། ང་ཚོའི་ཐོན་ལམ་ཉག་ཅིག་ནི་སྔར་བཞིན་བསྒྱུར་བཅོས་ཀྱི་གོམ་སྟབས་དང་སྒོ་དབྱེའི་གོམ་སྟབས་མཚམས་འཇོག་མི་བྱེད་པར། མུ་མཐུད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བའི་སྒུལ་ཤུགས་ལ་བརྟེན་སྟེ། བསྒྱུར་བཅོས་སྒོ་དབྱེའི་ཕན་ཁེ་བརྒྱུད་སྤུས་ཚད་མཐོར་འདེགས་དང་། ཕན་འབྲས་མཐོར་གཏོང་། རིམ་པ་འཕར་བ་བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དུས་མཚམས་གསར་པར་བསྐྱོད་རྒྱུ་དེ་ཡིན། ཁ་ཚ་དགོས་གཏུག་གི་ལས་འགན་མདུན་དུ། དེ་བས་བློ་ཁོག་ཆེ་ལ་ཞིབ་ཚགས་པོས་བསྒྱུར་བཅོས་ཀྱི་འགག་གཏོར་བྱེད་ས་གནད་ལ་འཁེལ་པོས་འཚོལ་ཞིབ་ཐུབ་པ་བྱེད་དགོས་པ་དང་། ཁྱོན་ཡོངས་སྐུལ་འདེད་དང་གཙོ་གནད་འགག་གཏོར་ཟུང་འབྲེལ་གྱིས། སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བའི་ཁྱབ་ཁོངས་དང་ལྷུ་ཚིགས་དམ་འཛིན་བྱས་ཏེ། ཆ་ཤས་གཅིག་ལ་བརྟེན་ནས་ཧྲིལ་པོར་སྐུལ་འདེད་ཐེབས་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག