མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཁྲང་ཅང་ཐའོ་ཧྥེན་བྱ་དགའི་དཔྱད་འདེམས་ལས་དོན་ལ་བསྒྱུར་བཅོས་ཆེན་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-28 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་རིང་བའི་གོང་། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་། ཁྲང་ཅང་ཐའོ་ཧྥེན་བྱ་དགའི་དཔྱད་འདེམས་ལས་དོན་ལ་བསྒྱུར་བཅོས་ཆེན་པོ་བྱས་ཏེ། ཞིབ་དཔྱད་ལྷུ་ཚིགས་གསར་སྣོན་བྱས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བྱ་དགའ་དེ་གཉིས་པོར་དོ་ནན་པའི་ཞིབ་དཔྱད་ཚད་གཞི་ལག་བསྟར་བྱས་ཡོད་པ་དང་། དཔྱད་འདེམས་ནང་ཞུགས་པའི་བརྩམས་བྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་། གསར་འགྱུར་རིན་ཐང་། རྩོམ་འབྲིའི་གཏན་ཚིགས་དང་གྲུབ་ཆ་སོགས་ལ་ཞིབ་དཔྱད་ནན་པོ་བྱ་རྒྱུ་ཡིན་པའི་ཁར། ད་དུང་བརྩམས་བྱའི་ཁྲོད་ཀྱི་ཡིག་ནོར་དང་། བརྡ་རྟགས་ཚེག་ཤད་ཀྱི་ནོར་འཁྲུལ། ཡིག་འབྲུ་མང་དྲགས་པའམ་ཉུང་དྲགས་པ་སོགས་ཀྱི་གནས་ཚུལ་ལ་ཡང་ཞིབ་དཔྱད་ནན་པོ་བྱས་ཡོད་པ་དང་། གོང་གསལ་ནོར་འཁྲུལ་དེ་རིགས་གཉིས་སམ་གཉིས་ཡན་ཐོན་ཚེ་དཔྱད་འདེམས་ཐོབ་ཐང་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་ཡོད། བྱ་དགའ་གཉིས་ཀྱི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཁྱོན་དཔྱད་འདེམས་ནང་ཞུགས་པའི་བརྩམས་བྱ656ལ་ཞིབ་དཔྱད་བྱས་པ་དང་། དཔྱད་འདེམས་ནང་ཞུགས་པའི་ཐོབ་ཐང་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་པའི་བརྩམས་བྱ87ཡོད། དེའི་གོང་། བྱ་དགའི་དཔྱད་འདེམས་གཞུང་ལས་ཁང་གིས་ཞིབ་དཔྱད་ལྟ་ཀློག་བྱས་པ་བརྒྱུད། དཔྱད་འདེམས་ནང་ཞུགས་པའི་ཚད་གཞི་དང་མངོན་བསལ་མི་མཚམས་པའི་བརྩམས་བྱ69ཕྱིར་སློག་བྱས་ཟིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག