མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཡུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་འགན་ཁུར་བ་ཁ་ཤས་དང་མཉམ་དུ་བཞུགས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-28 11:06

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཡུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་འགན་ཁུར་བ་ཁ་ཤས་དང་མཉམ་དུ་བཞུགས་མོལ་མཛད།
 
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཡུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་འགན་ཁུར་བ་ཁ་ཤས་དང་མཉམ་དུ་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཡུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་འགན་ཁུར་བ་ཁ་ཤས་དང་མཉམ་དུ་བཞུགས་མོལ་མཛད།

ལིས་ཁི་ཆང་གིས་གསུང་རྒྱུར། ལོ་སྟོད་དུ་དཔལ་འབྱོར་འཁོར་རྒྱུག་སྲུང་འཛིན་བྱ་བ་དེ་འོས་མཐུན་ཡིན་པ་དང་། ཚོང་ར་སྔོན་ན་གཏན་ཁེལ་བྱས་པའི་བྱ་བ་བརྟན་འཇགས་ཀྱི་ངང་སྤེལ་མོད། ཡིན་ནའང་དེང་སྐབས་དཔལ་འབྱོར་མར་ཆགས་བཞིན་པས། ངེས་པར་དུ་ས་ཁུལ་བར་སྙོམས་སྒྲིག་བྱ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མུ་མཐུད་དུ་ཚོང་རའི་གསོན་ཤུགས་དར་སྤེལ་བྱེད་པ། འཕེལ་རྒྱས་ནང་ཁུལ་གྱི་སྐྱེ་སྟོབས་ཇེ་དྲག་ཏུ་གཏོང་དགོས། གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ནི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐོན་སྐྱེད་ནུས་ཤུགས་གསར་བ་ཡིན་ཞིང་། མང་ཆེ་ཤོས་ནི་དམངས་གཉེར་ཁེ་ལས་ཡིན་པ་མ་ཟད་ཞབས་ཞུ་ལས་རིགས་སྤེལ་བཞིན་ཡོད་པས། གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་རིམ་འཕར་བ་ཕྱོགས་དང་མཐུན་ལ། འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཆང་ཆེ། ཁེ་ལས་ཚོང་རར་ཞུགས་དགོས་ན། ཚོང་གཉེར་ཉེན་ཁ་དང་སྤྱི་ཚོགས་འགན་འཁྲི་འཁུར་དགོས་པ་དང་། སྲིད་གཞུང་གིས་ཀྱང་ཚང་མར་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པའི་འོས་འགན་ཡོད། གཅིག་ནས་མུ་མཐུད་དུ་སྲིད་སྡུད་དབང་གཏོང་བྱས་ནས། ཚོང་གཉེར་ཁོར་ཡུག་ཅིག་སྐྲུན་དགོས། གཉིས་ནས་ཁེ་ལས་གསར་སྐྲུན་བྱེད་པའི་ནོར་སྲིད་རྒྱབ་སྐྱོར་དང་དངུལ་ལོར་ཞབས་ཞུ་རྒྱ་བསྐྱེད་དགོས། གསུམ་ནས་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་དྲང་བདེན་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་ཅིག་སྐྲུན་དགོས། གང་ལྟར་ཀྱང་བཅོས་སྒྱུར་ཟབ་སྤེལ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་བར་བརྟེན་ནས། རོགས་སྐྱོར་བྱེད་པ་དང་། གཏོང་ཕོད་པ། དོ་དམ་བཅས་བྱས་ནས། ཁེ་ལས་གསར་སྐྲུན་བྱ་བ་དེ་དྲང་བདེན་དང་དྲང་བཞག་གི་ཁོར་ཡུག་ཁྲོད་ནས་རྒྱ་བསྐྱེད་དགོས། ཁྱེད་ཚོས་བླངས་བའི་གྲུབ་འབྲས་ཀྱི་ཚད་གཞིར་དོན་སྙིང་ལྡན་པས། གསར་སྐྲུན་བྱེད་མཁན་སྔར་ལས་མང་པོ་འགུག་ཐུབ་པ་མ་ཟད། མཐར་མཇུག་མང་ཚོགས་རྣམས་ལ་ཕན་ཁེ་ཐོབ་ཏུ་འཇུག་ཐུབ་ལ། དཔལ་འབྱོར་འཕེལ་རྒྱས་དང་གྲུབ་ཚུལ་ལེགས་སྒྲིག་བྱ་བར་བྱས་རྗེས་འཇོག་ཐུབ་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག