མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མུའུ་སི་ལིན་གྱི་སྨྱུང་གནས་གྲོལ་བའི་དུས་ཆེན་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-29 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མུའུ་སི་ལིན་གྱི་དུས་ཆེན་གཟབ་རྒྱས་སྨྱུང་གནས་གྲོལ་བའི་དུས་ཆེན་ནི་སྤྱི་ཚེས28ཉིན་ནས་འགོ་ཚུགས་པ་དང་དུས་ཡུན་ཉིན་གསུམ་ཡིན་པ་རེད། ཉིན་དེར་གསར་འགོད་པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཐབ་ཉིན21ནང་གི་ཆེས་དལ་འཇགས་ཀྱི་མཚན་མོ་ཞིག་སྐྱེལ་རྒྱུ་བྱུང་བ་དང་དུས་ཐུང་གི་ཞི་བདེ་དེ་རྒྱུན་འཁྱོངས་ག་དུས་བྱེད་ཐུབ་བམ། ཧ་མ་སིས་གལ་སྲིད་དབྱི་སི་རལ་གྱིས་དེའི་རིང་ཀ་ཧྲ་རྒྱུད་ལ་འཇབ་རྒོལ་བྱས་ཚེ་དེ་ནི་མུའུ་སི་ལིན་ཡོངས་ལ་འཁྲུག་རྐྱེན་སློང་བ་ཞིག་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་བཤད་ཡོད་པ་རེད། དབྱི་སི་རལ་དམག་ཕྱོགས་ཀྱི་མིང་ཤོད་འདོད་མེད་པའི་དཔོན་པོ་ཞིག་གིས་དབྱི་སི་རལ་རྒྱལ་སྲུང་དམག་གིས་སྤྱི་ཚེས28ཉིན་ནས་བཟུང་ཆ་རྐྱེན་གང་ཡང་མེད་པར་དམག་མཚམས་བཞག་ཡོད། དེའི་རིང་དབྱི་སི་རལ་དམག་ཕྱོགས་ནས་ཚུར་འཇབ་རྒོལ་བྱེད་མཁན་ལ་རྒོལ་ལན་སློག་རྒྱུ་ལས་རང་འགུལ་གྱི་ཕར་རྒོལ་བྱེད་མི་སྲིད་ཅེས་གསུང་པ་རེད།

ཉིན་༢༠རིང་རྒྱུན་མཐུད་བྱས་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཐབ་ནང་མིག་སྔར་མི་གྲངས1100རྐྱེན་ལམ་དུ་ཤོར་ཡོད་པ་དང་ཕ་ལེ་སི་ཐན་བ་ཆིག་འབུམ་བདུན་ཁྲི་ལ་ཉེ་བ་ཡུལ་གྱར་བར་གྱུར་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག