མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:06

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཡོང་ནས་ཀྲུང་གོའི་སྐབས་གཉིས་པའི་ཀྲུང་གོ་དང་སིང་ག་ཕོར་སྤྱི་ཚོགས་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་སིང་ག་ཕོར་ཡི་ཙུང་ལི་གཞོན་པ་ཞོར་དུ་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་བཀོད་འདོམས་པུའུ་ཀྲང་གི་འགན་ཁུར་མཁན་དེ་མིན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཀྲང་ཀྲི་ཞན་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་སིང་ག་ཕོར་གྱི་སྤྱི་ཚོགས་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་པར་ཡོང་བའི་སིང་ག་ཕོར་གྱི་ཙུང་ལི་གཞོན་པའི་ཞོར་དུ་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་བཀོད་འདོམས་པུའུ་ཡི་པུའུ་ཀྲང་དང་ནང་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་མཁན་ཀྲང་ཀྲི་ཞན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་སིང་ག་ཕོར་གྱི་སྤྱི་ཚོགས་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་པར་ཡོང་བའི་སིང་ག་ཕོར་གྱི་ཙུང་ལི་གཞོན་པའི་ཞོར་དུ་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་བཀོད་འདོམས་པུའུ་ཡི་པུའུ་ཀྲང་དང་ནང་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་མཁན་ཀྲང་ཀྲི་ཞན་ལ་མཇལ་འཕྲད་གནང་།

ཀྲང་ཀའོ་ལིས་ཀྱིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བཞིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད། རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་དང་དངུལ་གཏོང་བརྟན་འཇགས་ངང་འཕར་སྣོན་བྱུང་བ་དང་། དངུལ་ལོར་མཉམ་ལས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་སོང་ཡོད། སུའུ་ཀྲིག་བཟོ་ལས་ས་ཁུལ་དང་། ཐེན་ཅིན་སྐྱེ་ཁམས་མཁར་གྲོང་སོགས་ལས་གཞི་ཆེན་པོའི་འཛུགས་སྐྲུན་བྱ་བ་རྒྱུན་སྲིང་ངང་སྤེལ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་སྤྱི་ཚོགས་བདེ་འཇགས་དང་། ཚན་རྩལ་གསར་སྐྲུན། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ཉིན་རེ་བཞིན་ཇེ་དམ་དུ་བཏང་པས། ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བར་གསོན་ཤུགས་དང་སྐྱེ་སྟོབས་ཀྱིས་ཁེངས་ཡོད། སང་ལོར་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པའི་ལོ་ཡིན་པས། ཀྲུང་གོས་སིང་ག་ཕོར་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་པོ། རིམ་པ་མང་བོའི་ཐད་ནས་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བ་བབ་བསྟུན་མདུན་བསྐྱོད་བྱེད་པ་དང་དེའི་ཆུ་ཚད་ཇེ་མཐོར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཀྲང་ཀྲི་ཞན་གྱིས་བསྟན་དོན། སིང་ག་ཕོར་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཟབ་ཅིང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེ་བས། སིང་ག་ཕོར་ཀྲུང་གོའི་མ་འོངས་བར་ཡིད་ཆེས་ཆེན་པོས་ཁེངས་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། སིང་ག་ཕོར་དང་ཀྲུང་གོའི་བར་གྱི་འབྲེལ་བར་རྣམ་པ་གསར་བ་བསྐྲུན་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག