མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཨར་ཅི་རི་ཡའི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཨར་ཅི་རི་ཡའི་མགོ་ཁྲིད་པར་འཚམས་འདྲིའི་གློག་འཕྲིན་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་ལྔ་ཉིན་ཨར་ཅི་རི་ཡའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐི་ཧྥའོ་ལིས་ཁ་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་རྣམ་གཉིས་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་བྱས།

ཞི་ཅིན་ཕེན་གྱིས་པུའུ་ཐི་ཧྥའོ་ལིས་ཁ་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། ཨར་ཅི་རི་ཡའི་མཁའ་འགྲུལ་ཀུང་ཟིའིAH5017རྟགས་ཅན་གྱི་གནམ་གྲུ་སྟབས་མ་ལེགས་པར་སར་ལྷུང་ནས་མི་སྣ་ཤི་རྨས་བྱུང་བར་ང་རང་སེམས་སྡུག་གིས་ཁེངས་ཡོད། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་དང་འདས་པོའི་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ཨོ་ལང་ཏི་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། ཨར་ཅི་རི་ཡའི་མཁའ་འགྲུལ་ཀུང་ཟིའི AH5017རྟགས་ཅན་གྱི་གནམ་གྲུ་ཚེས་ཉེར་བཞི་ཉིན་སྟབས་མ་ལེགས་པར་སར་ལྷུང་ནས་རྒྱལ་ཁབ་གང་མང་ཞིག་གི་འགྲུལ་བ་རྐྱེན་ལམ་དུ་ཤོར་བར་ང་རང་སེམས་སྡུག་གིས་ཁེངས་ཡོད། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་དང་འདས་པོའི་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོ་མི་དམངས་ཀྱིས་ཧྥ་རན་སིའི་མི་དམངས་བར་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་མི་དམངས་དང་ཧྥ་རན་སིའི་མི་དམངས་བར་དུ་གཅིག་སེམས་གཅིག་ཏུ་སྦྲེལ་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཉིན་དེར་ཨར་ཅི་རི་ཡའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཨར་ཅི་རི་ཡའི་ཙུང་ལིས་སེ་ལཱ་ལིས་དང་ཧྥ་རན་སིའི་ཙུང་ལིས་ཝ་ཨར་སི་རྣམ་གཉིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ལིས་ཁི་ཆང་གིས་སེ་ལཱ་ལིས་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། ཁྱེད་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟིའིAH5017རྟགས་ཅན་གྱི་གནམ་གྲུ་སར་ལྷུང་ནས་མི་སྣ་ཤི་རྨས་བྱུང་། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་དང་འདས་པོའི་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན་ཟེར།

ལིས་ཁི་ཆང་གིས་ཝ་ཨར་སི་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། ཨར་ཅི་རི་ཡའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་སར་ལྷུང་ནས་ཧྥ་རན་སིའི་འགྲུལ་བ་མང་པོ་ཞིག་རྐྱེན་ལམ་དུ་ཤོར་བར་ང་རང་སེམས་སྡུག་གིས་ཁེངས་ཡོད། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཁྱེད་རྒྱལ་ཁབ་ཀྱི་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་དང་འདས་པོའི་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག