མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཞིང་ཆེན31ཡོངས་ལ་ཞིབ་བཤེར་ཐུབ་པ་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-30 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས27ཉིན་དང28ཉིན་བར། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་བོད་ལྗོངས་དང་། མཚོ་སྔོན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་བཅས་སུ་བཅའ་སྡོད་བྱ་རྒྱུ་ཡིན་པ་དང་། དེས་ཀྱང་སྤྱི་ལོ2014ལོའི་ཀྲུང་དབྱང་གི་རེས་འཁོར་གཉིས་པའི་སྐོར་ཞིབ་ལས་དོན་དངོས་སུ་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད། དེར་དོ་སྣང་བྱེད་འོས་པ་ཞིག་ལ་ཐེངས་འདིའི་སྐོར་ཞིབ་ལས་དོན་འགོ་ཚུགས་པ་དེས་ཀྲུང་གུང་ཚོགས་ཆེན18པའི་རྗེས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་རྒྱལ་ཡོངས་ཞིང་ཆེན31ཡོངས་ལ་ཞིབ་བཤེར་ཐེངས་དང་པོ་བྱས་པ་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།

ཚོགས་ཆེན་༡༨པའི་རྗེས་ཀྱི་རེས་འཁོར་གསུམ་གྱི་ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་ལས་ཀའི་རྒྱུན་སྲོལ་རྒྱུན་འཛིན་བྱས་ཏེ། མིག་སྔར་ས་གནས་ཁག་གི་ཚན་པ་ཁག་ཏུ་བཅའ་སྡོད་བྱས་ཟིན་པའི་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས། སྔར་བཞིན་རུལ་སུངས་ལ་ངོ་རྒོལ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་གཏོང་། ལས་བྱེད་པ་འདེམས་སྒྲུག་བཅས་ཕྱོགས་བཞིར་གཞིགས་ཏེ་ལས་དོན་སྤེལ་རྒྱུ་ནན་བཤད་བྱས་པ་མ་ཟད། ད་དུང་མངོན་གསལ་དོད་པའི་གནད་དོན་དང་། ལྷག་དོན་དུ་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་བསྒྱུར་བཅོས་དང་ཡོ་བསྲང་བྱས་མེད་པའི་གནད་དོན་དང་། མང་ཚོགས་ཀྱིས་ལན་ཆ་དྲག་པོ་བྱས་པའི་གནད་དོན། ད་ལྟ་འགན་གནས་གལ་ཆེན་བཟུང་བ་མ་ཟད་ཡུན་རིང་མ་སོང་བར་གོ་གནས་སྤར་རྩིས་ཡོད་པའི་འགོ་ཁྲིད་ལས་བྱེད་པའི་འགན་འཛོལ་ཤོར་བ་སོགས་ཀྱི་གནད་དོན། གཏན་འབེབས་དོན་ཚན་བརྒྱད་དང་རྒྱབ་འགལ་བྱས་པའི་གནད་དོན། དེ་བཞིན་དཔོན་གནས་ཉོ་བ་དང་དཔོན་གནས་འཚོང་བ། གནད་དོན་ཡོད་བཞིན་དུ་གོ་གནས་སྤར་བ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་བརྟག་དཔྱད་བྱ་རྒྱུ་ཡིན་པ་ནན་བཏོན་བྱས་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག