མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞིང་བ་ཞོར་ལས་པའི་ཞབས་ཕྱིའི་བྱ་བ་བཟང་བོར་སྒྲུབ་སྟེ། གོ་རིམ་ཡོད་པའི་སྒོ་ནས་ཞིང་ལས་པ་གྲོང་ཁྱེར་སྡོད་དམངས་ཅན་དུ་བསྒྱུར་བར་བཀོད་སྒྲིག་བྱས་ཤིང་། བརྟན་ནོར་ཐོ་འགོད་གནས་སྐབས་ལག་བསྟར་སྲོལ་ཡིག་གི་བསམ་འཆར་བསྡུ་ལེན་མ་ཡིག་ལ་གྲོས་བསྡུར་བྱས་པར་མ་ཟད་སྤྱི་ཚོགས་ཡོངས་ལ་མངོན་གསལ་སྒོས་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད་པ་དང་། དུས་འོས་འཚམ་ཞིག་ལ་གྲོང་ཁྱེར་ཆེན་པོའི་མཁར་གྲོང་གི་ལས་ཀ་ཤོར་ཚད་ལ་ཞིབ་བཤེར་བྱས་པའི་གཞི་གྲངས་ཁྱབ་སྒྲོག་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བཟང་བོར་བསྒྲུབ་རྒྱུ་གཏན་འཁེལ་བྱས།

ཚོགས་ཐོག་ནས་བསྟན་དོན། ཞིང་བ་ཞོར་ལས་པ་ནི་ཐོན་ལས་བཟོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག ཅན་བཞི་གསར་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་རེ་བ་དང་མཐུན་པར་བྱས་ཏེ། མི་གཙོ་བོར་འཛིན་ཞིང་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་། ཞིང་བ་ཞོར་ལས་པའི་ཞབས་ཕྱིའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་ནས་འཛད་སྤྱོད་པའི་ཚོགས་པ་གསར་བ་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་ཁྲོད་དུ་ཞུགས་ཤིང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པའི་སྡོད་དམངས་གསར་བ་ཞིག་བྱས་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་དང་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཅིག ཞིང་བ་ཞོར་ལས་པའི་ལས་ཞུགས་ལས་སྤེལ་ལ་སྐུལ་འདེད་གཏོང་དགོས། གཉིས། ཞིང་བ་ཞོར་ལས་པའི་ངལ་རྩོལ་འགན་སྲུང་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། གསུམ། གཞི་རྩའི་སྤྱི་བའི་ཞབས་ཕྱིའི་འདོན་སྤྲོད་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། བཞི། ཞིང་བ་ཞོར་ལས་པའི་སྤྱི་བའི་རིག་གནས་ཞབས་ཕྱི་ལ་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་བརྟན་ནོར་ཐོ་འགོད་གནས་སྐབས་ལག་བསྟར་སྲོལ་ཡིག་གི་བསམ་འཆར་བསྡུ་ལེན་མ་ཡིག་ལ་གྲོས་བསྡུར་བྱས་པར་མ་ཟད། ཁྲིམས་འཛུགས་ཀྱི་གོ་རིམ་རེ་བ་ལྟར་བསམ་འཆར་བསྡུ་ལེན་མ་ཡིག་ལ་སྤྱི་ཚོགས་ཡོངས་སུ་མངོན་གསལ་སྒོས་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག