མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པུའུ་དང་ཨུ་ཡོན་ལྷན་ཁང་དྲུག་གིས་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་གི་བྱ་སྤྱོད་འཆར་གཞིའི་ལག་བསྟར་གནས་ཚུལ་གྱི་དཔྱད་ཞིབ་བྱ་ཐབས་ཞེས་པ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-01 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོར་ཡུག་སྲུང་སྐྱོང་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དྲུག་གིས། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་གི་བྱ་སྤྱོད་འཆར་གཞིའི་གནས་ཚུལ་གྱི་དཔྱད་ཞིབ་བྱ་ཐབས་ཚོད་ལྟའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་ཞེས་པ་ ཡོངས་བསྒྲགས་ནས། གཙོ་གནད་ཁྱབ་ཁོངས་ཆེན་པོ་གསུམ་གྱི། གྲོང་ཁྱེར་གྱི་PM2.5ཡི་གར་ཚད་གལ་ཏེ་མར་མ་ཆག་པར་འཕར་སྣོན་བྱུང་ཚེ། གྲོང་ཁྱེར་དེའི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་གི་ལག་བསྟར་གནས་ཚུལ་གྱི་དཔྱད་དཔོག་གི་སྐར་གྲངས་ཀླད་ཀོར་ཡིན་པ་དང་། འབྲེལ་ཡོད་ས་ཁུལ་གྱི་གཙོ་འགན་འགོ་ཁྲིད་དང་ཁ་ཆད་གླེང་མོལ་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

ཐེངས་འདིའི་གསར་དུ་ཡོངས་བསྒྲགས་བྱས་པའི་དཔྱད་ཞིབ་བྱ་ཐབས་ཞེས་པ་ནི། ད་ལོའི་སྤྱི་ཟླ་བཞི་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཁྱབ་བསྒྲགས་བྱས་པའི་སྨུག་རྡུལ་བཅོས་སྐྱོང་བྱེད་པའི་དཔྱད་ཞིབ་བྱ་ཐབས་དོ་ནན་ཤོས་ཀྱི་ཁ་གསབ་དང་ཞིབ་ཚགས་སུ་བཏང་བ་དེ་ཡིན་པ་དང་། པེ་ཅིན་དང་ཐན་ཅིང་། ཧོ་པེ། འབྲི་ཆུའི་ཟུར་གསུམ་ཁུལ་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཁྱབ་ཁོངས་སུ། PM2.5ཡི་གར་ཚད་ཆུང་དུ་ཕྱིན་པའི་དམིགས་འབེན་དཔྱད་ཞིབ་བྱེད་པ་ཕུད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་བཟོ་ལས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་། འཕྲུལ་སྒུལ་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་སོགས་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་གི་གཙོ་གནད་ལས་འགན་བཅུའི་ལེགས་གྲུབ་གནས་ཚུལ་ཡང་རྒྱུག་ལེན་ཁྱབ་ཁོངས་ནང་བཅུག་ཡོད། ཕྱོགས་ཁག་གཉིས་ཀྱི་དཔྱད་དཔོག་དམིགས་འབེན་གྱི་སྐར་གྲངས་དམའ་བའི་རྣམ་གྲངས་དེས། མཐའ་མཇུག་གི་སྐར་གྲངས་དཔྱད་བསྡུར་གྱི་མཇུག་འབྲས་གཏན་འཁེལ་བྱེད་རྒྱུ་ཡིན་པས། དེས་ས་གནས་ཁག་གིས། གཅིག་ནས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་དགོས་ལ། གཉིས་ནས། ལེགས་བཅོས་བྱས་པའི་ཕན་འབྲས་དངོས་མཐོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཁོར་ཡུག་སྲུང་སྐྱོང་པུའུ་དང་ལྟ་ཞིབ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས། ས་གནས་ཁག་ལ་རྒྱུན་གཏན་རང་བཞིན་གྱི་ལྟ་ཞིབ་བྱེད་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག