མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུད་ཀྱི་ཆེད་དོན་ཚོགས་ཆུང་གིས་ཝེ་རོན་ཀུང་སིར་སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་གློ་བུར་གྱི་ཞིབ་བཤེར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-01 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་སྤྱི་ཚེས29ཉིན་གསར་འགྱུར་ཚན་པར། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། བཟོ་ཚོང་སྤྱི་ཁྱབ་ཅུད་ཀྱི་ཆེད་དོན་ཚོགས་ཆུང་གིས་སྤྱི་ཚེས28ཉིན་ཝེ་རོན་ཀུང་སིའི་ཀྲུང་གོའི་ནང་སའི་ཁེ་གཉེར་ཚོང་ར་བཞི་ཏེ། ཝེ་རོན་ཀྲུང་གོའི་ཚད་ཡོད་ཀུང་སི་དང་དེ་བཞིན་ཧྲང་ཧའེ། ཀོང་ཀྲོའུ། ཁྲེན་ཏུའུ་བཅས་ཡན་ལག་ཀུང་སི་བཅས་ལ་དུས་མཚུངས་སུ་སྒེར་སྡོམ་ལ་ངོ་རྒོལ་བྱེད་པར་གློ་བུར་དུ་ཞིབ་བཤེར་བྱས་པ་ཁས་ལེན་བྱས་ཡོད། གྱོད་དོན་ལ་མིག་སྔར་བརྟག་དཔྱད་བྱེད་བཞིན་ཡོད་་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག