མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་ཆེན་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་གྱི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་གྱི་ཁྲིམས་འཛིན་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བདུན་ནས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་མཱ་ཝུན་གྱིས་རྟོག་ཞིབ་ཚན་ཁག་འཁྲིད་ནས་མཚོ་སྔོན་ཞིང་ཆེན་དུ་འབྱོར་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཁྲིམས་ཁང་གི་རྩ་འཛུགས་བཅའཁྲིམས་དང་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་རྟོག་ཞིབ་ཚན་ཁག་ལ་འགྲོ་རོགས་བྱས།

རྟོག་ཞིབ་ཚན་ཁག་གིས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བའི་ཆེད་དོན་སྙན་ཞུར་ཉན་རྗེས། ས་གནས་སོ་སོའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ནང་སྲིད་ཨུ་ཡོན་ལྷན་ཁང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་སོགས་ཀྱི་འགན་འཁུར་མི་སྣ་དང་མཉམ་དུ་བཞུགས་མོལ་བྱས།

མཱ་ཝུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་བྱ་བར་གདེང་འཇོག་ཆེན་པོ་བྱས་པ་མ་ཟད། མཛུབ་སྟོན་རང་བཞིན་ལྡན་པའི་དགོངས་འཆར་གནང་། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་ཁྲིམས་ཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པར་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས། ང་ཚོས་ཀྲུང་དབྱང་གི་བཀོད་སྒྲིག་དང་རེ་བ་ལྟར། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་དྲང་བདེན་སྒོས་ཁྲིམས་འཛིན་པའི་གཞི་རྩའི་དམིགས་འབེན་ལ་དམིགས་ཏེ། གསར་སྐྲུན་གྱི་འདུ་ཤེས་སྔར་ལས་ཇེ་མཐོར་གཏོང་བ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། ཁྲིམས་འཛིན་ཡོངས་སྒྲོག་འབད་བརྩོན་གྱིས་སྤེལ་བ། དཔུང་སྡེའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། བྱང་ཚད་དང་ནུས་པ་དངོས་སུ་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཁྲིམས་འཛིན་བྱ་བར་ཡིད་ཚིམས་ཚད་ཇེ་མཐོར་གཏོང་དགོས་པ་དང་། ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག