མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲུང་པུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་གྱ་བདུན་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲུང་པུའུ་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་གི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ཆེ་བའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་གྱ་བདུན་འཁོར་བར་རྟེན་འབྲེལ་ཞུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན། ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་མཁན་ཁྲང་ཝན་ཆོན་གྱིས་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ལོ་གྱ་བདུན་གྱི་རིང་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཏང་གི་ཡང་དག་པའི་མགོ་ཁྲིད་འོག ཀྲུང་གོ་གསར་བ་དབུ་བརྙེས་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐད་བསུབ་ཐབས་མེད་པའི་མཛད་རྗེས་བཞག་ལ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཐད་བྱས་རྗེས་བཞག་ཟེར།

ཁྲང་ཝན་ཆོན་གྱིས་བསྟན་དོན། དེང་སྐབས། རྒྱལ་སྤྱིའི་གནས་བབ་ལ་མུ་མཐུད་རྙིང་འཛིང་གི་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། དམག་དཔུང་གི་འཛུགས་སྐྲུན་དང་བཅོས་སྒྱུར་ཡང་གནད་འགག་གི་འཕེལ་རྒྱས་དུས་རིམ་དུ་གནས་ཡོད་པས། ང་ཚོས་ཉེན་ཁའི་འདུ་ཤེས་དང་ཉམས་ཉེན་གྱི་འདུ་ཤེས། འགན་འཁུར་གྱི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་པ། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམ་དུ་སྦྲེལ་བ་བཅས་བྱས་ཏེ། དམག་དཔུང་གི་ཕྱོགས་ཡོངས་ཀྱི་འཛུགས་སྐྲུན་དང་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་ཤུགས་ཆེན་པོ་སྣོན་པ་དང་། འགན་འཁུར་དང་ལས་འགན་ལག་བསྟར་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག