མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཐེ་ཝན་ཀའོ་ཞུང་གྲོང་ཁྱེར་གྱི་སོལ་རླངས་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུས་པ་དང་འདས་པོའི་ཁྱིམ་མི་དང་རྨས་མ་སྤུན་ཟླར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་ཞོགས་པར། ཐེ་ཝན་ཀའོ་ཞུང་གྲོང་ཁྱེར་སོལ་རླངས་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས། དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དེར་ཐུགས་ཁུར་ཆེན་པོ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་འགན་འཁུར་པས་ཐེ་ཝན་གྱི་འབྲེལ་ཡོད་ཕྱོགས་ལ་ཁོང་དང་སྐམ་ས་ཆེན་མོའི་མི་དམངས་ཀྱིས་ཐེངས་འདིའི་དོན་རྐྱེན་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་མྱ་ངན་ཆེན་པོ་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་རྨས་མ་སྤུན་ཟླར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱེད་དགོས་པའི་མཛུབ་སྟོན་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གིས་མྱུར་དུ་འཕྲལ་བསྟུན་འབྲེལ་འདྲིས་སྒྲིག་ལུགས་སྤྱད་དེ། ཐེ་ཝན་སྲིད་འཛིན་གླིང་སྐམ་ཆ་ཆེན་མོ་ཨུ་ཡོན་ལྷན་ཁང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་སྐམ་ས་ཆེན་མོའི་མི་དམངས་ཀྱིས་ཐེ་ཝན་གྱི་ཤི་རྨས་བྱུང་བའི་སྤུན་ཟླ་དང་དེ་དག་གི་ཁྱིམ་མི་ལ་མྱ་ངན་དང་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག