མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཤར་བྱང་ས་ཁུལ་སོགས་ཀྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བའི་བྱ་བའི་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:37

ཟླ7པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་ས་ཁུལ་སོགས་ཀྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བའི་བྱ་བའི་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།
ཟླ7པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་ས་ཁུལ་སོགས་ཀྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བའི་བྱ་བའི་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་ས་ཁུལ་སོགས་ཀྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བའི་བྱ་བའི་ཚོགས་འདུ་བསྡུས་ཏེ། དེང་སྐབས་ཀྱི་ཤར་བྱང་གི་དཔལ་འབྱོར་ཐད་ཀྱི་གནས་ཚུལ་དང་གནད་དོན་གསར་བར་དབྱེ་ཞིབ་བྱས་པ་དང་། ཤར་བྱང་འཕེལ་རྒྱས་སུ་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཤར་བྱང་གི་ཀྲུང་གོ་གསར་བའི་བཟོ་ལས་ཀྱི་འབྱུང་ཁུངས་ཡིན་པ་དང་། རྒྱལ་ཁབ་ཀྱི་བཟོ་ལས་ཅན་ཐད་ལ་བྱས་རྗེས་འབུར་ཐོན་བཞག་ཡོད། ཤར་བྱང་ས་ཁུལ་སོགས་ཀྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ལོ་བཅུ་ལྷག་འགོར་བའི་རིང་ལ། ཤར་བྱང་གི་དཔལ་འབྱོར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་། སྤྱི་ཚོགས་ལས་དོན་གོང་འཕེལ་ཆེན་པོ་བྱུང་ལ། དམངས་འཚོ་མངོན་གསལ་སྒོས་ལེགས་བཅོས་བྱུང་། ཡིན་ནའང་མིག་སྔར་འགྲན་རྩོད་གསར་བར་འཕྲད་ཡོད་དེ། ན་ནིང་ནས་བཟུང་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་སོང་ནས། ལས་རིགས་ཁ་ཤས་ཐོན་སྐྱེད་བདག་གཉེར་ཐད་ནས་དཀའ་ཁག་ལ་འཕྲད་པ་དང་། རིམ་པ་ཟབ་པའི་སྒྲིག་སྲོལ་ལམ་ལུགས་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཡང་འབུར་དུ་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སོགས་ཀྲུང་དབྱང་མགོ་ཁྲིད་ཀྱིས་ཤར་བྱང་གི་དར་རྒྱས་གོང་འཕེལ་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། སྙིང་སྟོབས་ཆེར་བསྐྱེད་དང་དཀའ་ངལ་ཁྱད་སེལ་གྱིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས། ཤར་བྱང་གི་དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་བར་ཡར་སྐུལ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཕན་པ་མང་བའི་དོན་ཆེན་འགའ་དམ་འཛིན་བཟང་པོ་བྱས་ཏེ། ཤར་བྱང་འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་གིས་བསལ་དགོས་ཏེ། གཅིག སྲིད་བསྡུ་དབང་གཏོང་བྱ་བ་སྔར་ལས་ལྷག་པར་སྤེལ་ཏེ་ཁྲོམ་རའི་གསོན་ཤུགས་བསྐྱེད་ནས། ཁེ་ལས་ཀྱི་བདག་གཉེར་དང་གསར་སྐྲུན་ལས་སྐྲུན་ཐད་འདྲ་མཉམ་གྱི་ཁྲོམ་རའི་ཁོར་ཡུག་ཅིག་བསྐྲུན་དགོས། གཉིས། དམངས་འཚོའི་འགན་སྲུང་ལ་ཤུགས་བསྣན་ཏེ། སྤྱི་པའི་ཐོན་རྫས་ནུས་ལྡན་སྒོས་མཁོ་འདོན་བྱེད་ཚད་ཇེ་མཐོར་གཏོང་དགོས། གསུམ། འཕེལ་སྟངས་བསྒྱུར་བ་དང་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བར་དམ་དུ་སྦྲེལ་ཏེ་དངོས་ཕུང་དཔལ་འབྱོར་གོང་འཕེལ་དུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཤར་བྱང་གི་དཔལ་འབྱོར་གོང་འཕེལ་དུ་གཏོང་དགོས་ན་ཤར་བྱང་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པར་གཙིགས་འཛིན་བྱེད་དགོས་ཏེ། གཅིག སྒྲིག་ཆས་གསར་གཏོད་ལས་རིགས་གོང་འཕེལ་དུ་བཏང་ནས། ཤར་བྱང་གི་སྒྲིག་ཆས་འཛམ་གླིང་དུ་ཁྱབ་པར་བྱེད་དགོས། གཉིས། ཤར་བྱང་ས་ཁུལ་དེ་རྒྱལ་ཡོངས་ཀྱི་ཞིང་ལས་དེང་རབས་ཅན་གྱི་སྔོན་གྲལ་དུ་བསྐྱོད་པར་སྐུལ་འདེད་བྱེད་དགོས། གསུམ། ཨེ་ཤ་ཡ་ཤར་བྱང་བར་དུ་སྒོ་འབྱེད་ཀྱི་སྟེགས་བུ་བསྐྲུན་ནས། མཚོ་ཁའི་དཔལ་འབྱོར་ས་ཁུལ་དང་མཚོ་ཁའི་འགག་སྒོར་བརྟེན་ནས་སྒོ་འབྱེད་ལ་ཡར་སྐུལ་བྱེད་དགོས་ཞེས་གསུངས།

ལིས་ཁི་ཆང་གིས་སྡེ་ཁག་སོ་སོས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་ཞབས་འདེགས་བཟང་པོ་ཞུ་དགོས་ལ། ཤར་བྱང་གི་རིམ་པ་སོ་སོའི་ལས་བྱེད་པས་འགན་ཁུར་ཕྲག་ཏུ་ལེན་པ་དང་འབད་བརྩོན་ལྷོད་མེད་ཀྱིས་དཀའ་ངལ་ཁྱད་དུ་བསལ་ནས། བཟོ་ལས་རྟེན་གཞི་རྙིང་པ་དེ་བཅོས་སྒྱུར་གྱི་ཁྲོད་ནས་གོང་འཕེལ་དུ་གཏོང་དགོས་པའི་ཐུགས་རེ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག