མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱི་དམག་དཔུང་གི་དཔོན་དམག་དང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་འཐུས་མི་ལ་བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:37

བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྥུའུ་ཅན་ཞིང་ཆེན་དུ་ཕེབས་ཏེ་དམག་དཔུང་གི་དཔོན་དམག་དང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་འཐུས་མི་ལ་བརྩེ་བའི་འཚམས་འདྲི་མཛད།
བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྥུའུ་ཅན་ཞིང་ཆེན་དུ་ཕེབས་ཏེ་དམག་དཔུང་གི་དཔོན་དམག་དང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་འཐུས་མི་ལ་བརྩེ་བའི་འཚམས་འདྲི་མཛད།
ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ཞི་ཅིན་ཕེན་ཧྥུའུ་ཅན་ཞིང་ཆེན་དམག་ཁུལ་གྱི་བཀོད་འདོམས་ཐོག་ཁང་ཆེན་མོའི་ནང་ཕེབས་ཏེ་ཧྥུའུ་ཀྲིག་ཏུ་སྡོད་པའི་དམག་དཔུང་གི་ཁྲི་དཔོན་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བ་དང་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྥུའུ་ཅན་ཞིང་ཆེན་དུ་ཕེབས་ཏེ་དམག་དཔུང་གི་དཔོན་དམག་དང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་འཐུས་མི་ལ་བརྩེ་བའི་འཚམས་འདྲི་མཛད་པར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་གྲ་སྒྲིག་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་ཧྥུའུ་ཅན་ཞིང་ཆེན་དུ་ལོ་བཅུ་བདུན་ལ་བྱ་བ་བསྒྲུབས་པ་དང་། དུས་ཡུན་རིང་བོར་རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་ཞིང་དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་ལ་ནམ་ཡང་ཡིད་འཇོག་བྱེད་ཀྱིན་ཡོད། ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ཞི་ཅིན་ཕེན་ཧྥུའུ་ཅན་ཞིང་ཆེན་དམག་ཁུལ་གྱི་བཀོད་འདོམས་ཐོག་ཁང་ཆེན་མོའི་ནང་ཕེབས་ཏེ་ཧྥུའུ་ཀྲིག་ཏུ་སྡོད་པའི་དམག་དཔུང་གི་ཁྲི་དཔོན་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བ་དང་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག དེར་མཐུད་ནས་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཧྥུའུ་ཅན་དུ་སྡོད་པའི་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱས་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཧྥུའུ་ཅན་ཞིང་ཆེན་གྱི་རིམ་པ་སོ་སོས་གནས་བབ་གསར་བའི་ལས་འགན་ལ་དམིགས་ཏེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལག་བསྟར་བྱེད་པ་དང་དམག་དཔུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཅོས་སྒྱུར་དང་དམག་དོན་འཐབ་རྩོད་ལ་གྲ་སྒྲིག་བཟང་བོ་བྱེད་པ་དང་། འགན་འཁྲི་ལག་བསྟར་ནུས་པ་ཇེ་ཆེར་བཏང་ནས། ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བར་ནམ་ཡིན་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད། ཁོང་གིས་གསུངས་རྒྱུར། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ནི་ང་ཚོའི་ཏང་དང་དམག་དཔུང་ལ་ཁྱད་དུ་འཛོམས་པའི་ཆབ་སྲིད་ཀྱི་ཁྱད་སྟོབས་ཡིན་པ་དང་། བརྟན་ཞིང་འགྱུར་བ་མེད་པའི་དམག་སྲིད་དམག་དམངས་བར་གྱི་འབྲེལ་བ་ནི་ང་ཚོ་དཀའ་ཁག་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཞིང་མུ་མཐུད་དུ་རྒྱལ་ཁ་ལས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་གཅེས་ནོར་ཡིན་པས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རྒྱ་ཆེའི་མི་དམངས་མང་ཚོགས་བཅས་ཀྱིས་དམག་དཔུང་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་བརྩིས་ཏེ། དམག་དཔུང་ལ་དོན་བཟང་དང་དོན་དངོས་གང་མང་བསྒྲུབ་དགོས། དམག་དཔུང་གི་བློ་མཐུན་རྣམས་ཀྱིས་མི་དམངས་གཉེན་ཉེ་རུ་འཛིན་པ་དང་བཅའ་སྡོད་ས་གནས་ཕ་ཡུལ་དུ་བརྩིས་ནས་ཧུར་ཐག་སྒོས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་པར་མ་ཟད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བར་སྟོབས་དང་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག