མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཀྲུང་དབྱང་སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:37

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཀྲུང་དབྱང་སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཀྲུང་དབྱང་སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་དབྱང་སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་འགན་འཁུར་པ་བཅུ་བཞི་ཡིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ལྟ་རྟོག་མཛུབ་སྟོན་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། ཚང་མས་ཡོངས་ཁྱབ་ཏུ་བལྟས་ན། བྱ་འགུལ་སྤེལ་བ་བདེ་བླག་ཡིན་ལ། ལྷག་པར་དུ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཚོགས་པའི་སྤུས་ཚད་མཐོ་ཞིང་སྤྱོད་ཚུལ་ལེགས་སྒྱུར་ཐད་ནས་རྣམ་པ་གསར་བ་བྱུང་ཡོད། དེ་དང་མཉམ་དུ་ས་གནས་དང་ལས་ཁུངས་ཁ་ཤས་སུ་དག་ཐེར་དང་ལེགས་སྒྲིག་བྱས་པ་དེ་འདྲ་མི་བཟང་བ་དང་རྣམ་པར་གཙིགས་འཛིན་དང་གྲུབ་འབྲས་ལ་སྣང་ཆུང་བྱེད་པ་སོགས་ཀྱི་གནད་དོན་གནས་ཡོད་པར་སྙམ།

ལིག་ཡུན་ཧྲན་གྱིས་གསུངས་བཤད་གནང་སྐབས། ཀྲུང་དབྱང་སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། སློབ་གསོ་ལག་ལེན་བྱ་འགུལ་དེ་སྔར་ལས་དམ་འཛིན་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། བྱ་འགུལ་དེ་དུས་དང་རྣམ་པ་ཀུན་ཏུ་བཟང་བོར་སྤེལ་དགོས་ན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནུས་པ་ཆེན་པོ་འདོན་དགོས་པ་དང་། ལྟ་རྟོག་མཛུབ་སྟོན་བྱ་བ་དེ་བས་ཀྱང་དམ་འཛིན་བྱེད་དགོས། ཀྲུང་དབྱང་སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་དང་ས་གནས་ཀྱི་རིམ་པ་སོ་སོའི་ལྟ་རྟོག་མཛུབ་སྟོན་ཚན་ཁག་གིས་རང་རང་གི་ལས་གནས་བརྟན་སྲུང་བྱེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ལྟ་རྟོག་མཛུབ་སྟོན་བྱ་བ་ནན་ཏན་སྒོས་བསྒྲུབ་ནས། སྔོན་དམ་རྗེས་ལྷོད་དང་འགལ་བ་ཐག་གཅོད་མི་བྱེད་པ། དུས་ཡུན་ཐུང་བར་ཕན་འབྲས་ཐོབ་པ་སོགས་ཀྱི་རྣམ་པ་གཏན་འགོག་བྱེད་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག