མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་མྱུར་དུ་ཡུན་ནན་ལུའུ་ཏེན་རྫོང་གི་ས་འགུལ་གནོད་འཚེ་ཐེབས་སར་ཕེབས་པ་དང་གནམ་གྲུའི་སྟེང་ཚོགས་འདུ་བསྡུས་ཏེ་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:48

ཟླ8པའི་ཚེས4ཉིན། ལིས་ཁི་ཆང་མྱུར་དུ་ཡུན་ནན་ལུའུ་ཏེན་རྫོང་གི་ས་འགུལ་གནོད་འཚེ་ཐེབས་སར་ཕེབས་པ་དང་། གནམ་གྲུའི་སྟེང་ནས་ཚོགས་འདུ་བསྡུས་ཏེ་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་གནང་།
ཟླ8པའི་ཚེས4ཉིན། ལིས་ཁི་ཆང་མྱུར་དུ་ཡུན་ནན་ལུའུ་ཏེན་རྫོང་གི་ས་འགུལ་གནོད་འཚེ་ཐེབས་སར་ཕེབས་པ་དང་། གནམ་གྲུའི་སྟེང་ནས་ཚོགས་འདུ་བསྡུས་ཏེ་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་ཕྱེད་ཀའི་སྟེང་། ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་ལ་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་བརྒྱུགས་ནས། མིག་སྔའི་བར་དུ་མི་སུམ་བརྒྱ་དང་གོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ལ་རྨས་ཕོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེར་ཧ་ཅང་མཐོང་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱིས་མྱུར་དུ་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གནང་། གནོད་འཚེའི་གནས་ཚུལ་ཚབས་ཇེ་ཆེར་སོང་བ་དང་། མུ་མཐུད་ས་འགུལ་བསྟུད་མར་བརྒྱུགས་པ། བསྒྲགས་པའི་མི་སྣ་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་ཇེ་མང་ལ་སོང་བ་བཅས་དང་བསྟུན་ནས། ཆེད་མཁས་པས་དེ་ནི་ས་དེ་རུ་ལོ་བརྒྱའི་རིང་ལ་བྱུང་བའི་ས་འགུལ་ཆེས་ཆེན་པོ་ཡིན་པར་འདོད་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཕྲལ་བསྟུན་བྱེད་ཐབས་སྤྱད་ཡོད། ཚེས་བཞི་ཉིན་གྱི་ཞོགས་པར། ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ་མྱུར་དུ་གནམ་གྲུ་ལ་བསྡད་དེ་གནོད་འཚེ་ཐེབས་སར་གནོད་འཚེའི་གནས་ཚུལ་གཟིགས་ཞིབ་བྱེད་པ་དང་། ཡུལ་དངོས་སུ་གནོད་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱེད་དུ་ཕེབས།

གནམ་གྲུའི་སྟེང་ཐོན་མ་ཐག ལིས་ཁི་ཆང་གིས་བྲེལ་མྱུར་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་ས་འགུལ་རྟོག་དཔྱོད་ཅུའུ་དང་། འགྲིམ་འགྲུལ་པུའུ། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁོངས་ཐོན་ཁུངས་པུའུ། སྤྱི་བདེ་པུའུ་སོགས་སྡེ་ཁག་དང་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་འགན་འཁུར་པའི་ཡར་ཞུ་ལ་གསན་ནས། གནོད་འཚེའི་གནས་ཚུལ་དང་མང་ཚོགས་ཀྱི་ཤི་རྨས་གནས་ཚུལ། རོགས་སྐྱོབ་ཀྱི་འཕེལ་རིམ། གནོད་སེལ་བཀོད་སྒྲིག་བྱ་བ་བཅས་ལ་རྒྱུས་ལོན་ཞིབ་མོ་མཛད། ལིས་ཁི་ཆང་གིས་འབྲེལ་ཡོད་སྡེ་ཁག་གིས་སྤེལ་བའི་རོགས་སྐྱོབ་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་རོགས་སྐྱོབ་བྱ་བར་འགོར་འགྱང་གཏན་ནས་བྱེད་མི་རུང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་སུ་ལག་བསྟར་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཧ་ཅང་འགན་འཁུར་བའི་རྣམ་འགྱུར་བཅངས་ནས། ཚན་རིག་དང་མཐུན་ཞིང་ནུས་པ་ཡོད་པའི་བྱེད་ཐབས་སྤྱད་དེ་རོགས་སྐྱོབ་དམ་འཛིན་སྒོས་གནོད་འཚེའི་གྱོང་གུད་ཆེས་ཆུང་བའི་ཚད་དུ་ཚོད་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིས་ཁི་ཆང་གིས་ཐུགས་རེ་བརྒྱད་བཏོན་པ་སྟེ། གཅིག མི་སྐྱོབ་རྒྱུ་དེ་གོ་གནས་དང་པོར་འཇོག་དགོས། གཉིས། གནོད་འཚེ་ཡང་བསྐྱར་འབྱུང་བར་ཧ་ཅང་མཐོང་ཆེན་བྱས་ཏེ། གསར་དུ་མི་སྣ་ཤི་རྨས་འབྱུང་བར་བཀག་འགོག་བྱེད་དགོས། གསུམ། མྱུར་སྐྱོབ་བྱ་བར་སྔར་ལས་ཤུགས་སྣོན་དགོས། བཞི། གནོད་ཐེབས་མང་ཚོགས་གནས་སྐབས་སུ་བཀོད་སྒྲིག་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ་བཟང་བོར་སྒྲུབ་དགོས། ལྔ། གནོད་འཚེའི་གནས་ཚུལ་དང་གནོད་སེལ་གྱི་ཆ་འཕྲིན་དུས་ལྟར་དང་ཆ་ཚང་དུ་སྒྲོག་དགོས། དྲུག ཟི་ཁྲོན་གཡག་རྔའི་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ཉམས་མྱོང་དཔྱད་གཞིར་བཟུང་ནས། ས་གནས་གཙོ་བྱས་ཏེ་གཅིག་གྱུར་གྱི་བཀོད་འདོམས་མ་ལག་ཅིག་ཆགས་པར་བྱེད་དགོས། བདུན། ཐོན་སྐྱེད་རང་སྐྱོབ་བྱ་བ་སྤེལ་དགོས། བརྒྱད། སླར་གསོ་བསྐྱར་འཛུགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། མི་དམངས་ཀྱི་ཁེ་ཕན་དེ་ཆེ་མཐོ་བའི་གོ་གནས་སུ་འཇོག་དགོས་ཏེ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མྱུར་དུ་བྱེད་ཐབས་སྤྱོད་དགོས་པ་དང་། ཏང་ཡོན་ལས་བྱེད་པས་ཉེན་ཁའི་མདུན་དུ་མང་ཚོགས་བསམ་པ་དང་མང་ཚོགས་ཀྱི་རྒྱབ་རྟེན་བྱེད་དགོས། ང་ཚོར་གནོད་འཚེ་ཆེན་པོར་ཁ་གཏད་འཇལ་བའི་ཉམས་མྱོང་ཡོད་པ་དང་། དམངས་སེམས་གཅིག་མཐུན་གྱི་སྤོབས་པ་ཡོད་པས། ཏང་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག དམངས་ཁྲི་སེམས་གཅིག་སྒོས་ཚན་རིག་དང་མཐུན་པའི་རོགས་སྐྱོབ་བྱས་ཏེ། གནོད་འཚེ་འདི་ལས་རྒྱལ་ཐུབ་པའི་ནུས་པ་ཡོད་པ་ཤ་སྟག་ཡིན་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡཱང་དང་རྒྱལ་སྲིད་ཨུ་ཡོན་ཡཱང་ཅིན་གཉིས་ཚོགས་འདུར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག