མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་བསྐོར་བརྒྱབ་སྟེ་འཚམས་འདྲི་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་དྲུག་ཉིན་པེ་ཏའེ་ཧི་ནས་ད་ལོའི་དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་བསྐོར་བརྒྱབ་པར་མ་ཟད། ཚང་མར་བཞུགས་མོལ་མཛད་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣར་བརྩེ་བའི་འཚམས་འདྲི་གནང་།

ཆེད་མཁས་པ་རྣམས་པེ་ཏའེ་ཧི་ལ་གུང་གསེང་གཏོང་བར་གདན་འདྲེན་པ་ནི། ཏང་དང་རྒྱལ་ཁབ་ཀྱིས་ཆེད་མཁས་པར་ཐུགས་ཁུར་དང་མཐོང་ཆེན་གནང་བའི་མཚོན་རྟགས་གསལ་བོ་ཞིག་ཡིན་ལ། ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཏུ་གྱུར་ཡོད། ཉིས་སྟོང་གཅིག་ལོའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་སྐོར་བཅུ་བཞིར་བགོས་ཏེ་ཆེད་མཁས་པ་བདུན་བརྒྱ་ལྷག་གུང་གསེང་གཏོང་བར་གདན་དྲངས་པ་དང་། ད་ལོར་མི་ལྔ་བཅུ་ལྷག་བྱ་འགུལ་དེར་ཞུགས་ཡོད།

བཞུགས་མོལ་མཛད་སྐབས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཤེས་ལྡན་མི་སྣའི་དོན་སྙིང་དང་རིན་ཐང་དེ་ནམ་ཡིན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་དམིགས་འབེན་མངོན་འགྱུར་བྱེད་ན་གནད་འགག་ནི་ཤེས་ལྡན་མི་སྣར་བརྟེན་དགོས་ཏེ། ཕུལ་བྱུང་ཤེས་ལྡན་མི་སྣ་ཅི་ཙམ་མང་བ་དང་། ནུས་པ་བཏོན་པ་ཅི་ཙམ་བཟང་ན། ལས་དོན་གོང་འཕེལ་ལ་དེ་ཙམ་གྱིས་རེ་བས་ཁེངས་ཡོད་པས། ཆེད་མཁས་པ་དང་ཤེས་ལྡན་མི་སྣ་རྣམས་དུས་སྐབས་ཀྱི་སྔོན་གྲལ་དུ་བསྐྱོད་འོས་པ་དང་། རྒྱལ་ཁབ་ལ་དགའ་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་དེ་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། རང་གི་བློ་གྲོས་སྔར་ལས་བཟང་པོར་བཀོལ་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་བསྟན་དོན། ཕྱོགས་སོ་སོའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣས་གོ་སྐབས་ཀྱི་འདུ་ཤེས་དང་གསར་སྐྲུན་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཡུན་རིང་གི་འཕེལ་རྒྱས་དང་འབྲེལ་བའི་གནད་འགག་གི་ཁྱབ་ཁོངས་ལ་དམིགས་ཤིང་། ཚན་རྩལ་སྒྱུར་བཅོས་ཀྱི་མདུན་གྲལ་དུ་བསྐྱོད་པར་དམིགས་ཏེ། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་དགོས་ལ། བདེན་འཚོལ་དང་གསར་རྟོགས། རོགས་རེས་བཅས་ཀྱི་ཚན་རིག་སྙིང་སྟོབས་དར་སྤེལ་བྱས་ཏེ། སྔར་མེད་ཀྱི་ལམ་གསར་བ་ཞིག་བཏོད་ནས་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་སྙེག་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པ་མ་ཟད། རིག་གཞུང་གི་སྤྱོད་ཚུལ་རང་རྟོགས་ཀྱིས་ལེགས་བསྒྱུར་བྱེད་པ་དང་། རིག་གཞུང་གི་མཚན་སྙན་ལ་རང་གི་མིག་འབྲས་བཞིན་དུ་གཅེས་སྤྲས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་པའི་མིག་དཔེར་འགྱུར་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་དྲུག་ཉིན་པེ་ཏའེ་ཧི་ནས་ད་ལོའི་དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་བསྐོར་བརྒྱབ་པར་མ་ཟད། ཚང་མར་བཞུགས་མོལ་མཛད་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣར་བརྩེ་བའི་འཚམས་འདྲི་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་དྲུག་ཉིན་པེ་ཏའེ་ཧི་ནས་ད་ལོའི་དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་བསྐོར་བརྒྱབ་པར་མ་ཟད། ཚང་མར་བཞུགས་མོལ་མཛད་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣར་བརྩེ་བའི་འཚམས་འདྲི་གནང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག