མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ནན་ཅིན་ན་བསྡུ་བའི་དབྱར་ཁའི་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་དྲུག་ཉིན་ནན་ཅིན་ན་བསྡུ་བའི་དབྱར་ཁའི་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གདན་དྲངས་པ་ལྟར། པི་རུན་ཏི་རྒྱལ་ཁབ་ཀྱི་ཙུང་ཐུང་ཨུན་ཁུའུ་ལུང་ཅི་ཀྲ་དང་ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ཐུང་ནེ་ལ་ཏེ་ཁའོ། མར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན། ཧེ་ཧྲན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཡ་ནོ་ཝེ་ཆི། སེང་ག་ཕོར་གྱི་ཙུང་ཐུང་ཁྲིན་ཆིན་ཡན། ཝ་ནུ་ཨ་ཐུ་རྒྱལ་ཁབ་ཀྱི་ཙུང་ལི་ན་ཐུའུ་མན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་བཅས་ལུས་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག