མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀི་ནེ་ཡ་དང་སི་ར་ལེ་ཨོང་། ལི་པེ་རི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་ཉེ་ལམ་ཨེ་པོ་ལཱ་རིམས་ནད་བྱུང་ནས་མི་སྣ་དང་དཔལ་འབྱོར་ཐད་ནས་གྱོང་གུད་ཚབས་ཆེན་བཟོས་པར་འཚམས་འདྲི་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་དང་སི་ར་ལེ་ཨོང་གི་ཙུང་ཐུང་ཁི་ལོ་མཱ། ལི་པེ་རི་ཡའི་ཙུང་ཐུང་སི་ལིས་ཧྥུའུ་བཅས་ལ་གློག་འཕྲིན་བཏང་སྟེ། ཉེ་ལམ་རྒྱལ་ཁབ་གསུམ་དུ་ཨེ་པོ་ལཱ་རིམས་ནད་བྱུང་ནས་མི་སྣ་དང་དཔལ་འབྱོར་ཐད་ནས་གྱོང་གུད་ཚབས་ཆེན་བཟོས་པར་འཚམས་འདྲི་གནང་བར་མ་ཟད། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་བཅོས་བྱས་པར་གཟེངས་བསྟོད་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ནི་སྐྱིད་སྡུག་མཉམ་འཁུར་བྱེད་པའི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་མི་དམངས་དཀའ་ཁག་གང་རུང་ལ་འཕྲད་ཚེ་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་མྱུར་དུ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པ་ནམ་ཡང་བརྗེད་མི་སྲིད། ད་ཐེངས་རྒྱལ་ཁབ་གསུམ་ལ་དཀའ་ཁག་བྱུང་ན་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་དང་མི་དམངས་རྣམས་དང་མཉམ་དུ་འགོ་ནད་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཨེ་པོ་ལཱའི་རིམས་ནད་ལ་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་བྱ་བ་བསྒྲུབ་ནས་རིམས་ནད་བྱུང་བའི་རྒྱལ་ཁབ་ལ་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་དང་། རིམས་ནད་བྱུང་བའི་རྒྱལ་ཁབ་གསུམ་གྱི་མི་དམངས་འགོ་ནད་ལས་རྣམ་པར་རྒྱལ་ཞིང་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྔ་མོ་ནས་སླར་གསོ་བྱེད་པར་རེ་འབོད་འདོན་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག